འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་
    ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པའི་འབོད་སྐུལ་གནང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པའི་གནས་སྐབས་ལས་ཚབ་ཝུའུ་ཧའེ་ཐའོ་ཡིས་སྐབས་72པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པའི་འབོད་སྐུལ་གནང་བ་རེད།
         ཝུའུ་ཧའེ་ཐའོ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་དེ་ཚོགས་མིའི་རྒྱལ་ཁབ་ཡོངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ་གོ་ལ་ཧྲིལ་པོའི་མཉམ་སྡེབ་བདེ་འཇགས་ལམ་སྲོལ་གྱི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད། སྒྱུར་བཅོས་དེ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་ཕན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་གྲགས་དང་ལས་ཆོད་ཆེ་རུ་གཏོང་རྒྱུ་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱིས་དཀྲིས་པའི་འགན་འཁྲི་དེ་བས་ལེགས་པའི་ངང་སྒྲུབ་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལུགས་དང་མཐུན་ལ་དགོས་ངེས་ཀྱི་སྒྱུར་བཅོས་བྱེད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་དོན་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་གི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་གཏམ་བཤད་སྤེལ་དབང་སྔོན་ལ་མང་དུ་བཏང་སྟེ་རྒྱལ་ཁབ་དེ་བས་མང་བ་དང་ལྷག་དོན་དུ་ཚོགས་མིའི་རྒྱལ་ཁབ་ནང་གི་མང་ཆེ་བ་བཟུང་བའི་རྒྱལ་ཁབ་འབྲིང་ཆུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་ཞུགས་ནས་ཐབས་ཇུས་འདིང་རྒྱུའི་གོ་སྐབས་དེ་བས་མང་བ་བསྐྲུན་ཏེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་རེད།
         ཁོང་གིས་སྲིད་གཞུང་དབར་གྱི་གྲོས་མོལ་ནི་ཚོགས་མིའི་རྒྱལ་ཁབ་ཁག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་གནད་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱེད་པ་དང་། བསམ་ཤེས་བྱེད་ཟབ་ཏུ་གཏོང་བ། མི་མཐུན་པ་སེལ་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། རྒྱ་ཆེའི་ཚོགས་མིའི་རྒྱལ་ཁབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་ཐད་བཏོན་པའི་ལྟ་ཚུལ་དང་། འདོད་ཚུལ། གྲོས་འགོ་བཅས་ནི་སྲིད་གཞུང་དབར་གྱི་གྲོས་མོལ་གྱི་རྨང་གཞི་ཞིག་ཡིན། སྲིད་གཞུང་དབར་གྲོས་མོལ་བྱེད་མཁན་ཐུན་མོང་གི་ཀྲུའུ་ཞིར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གཏན་འབེབས་ཨང་62/557གཞིར་བཟུང་དབང་ཆ་སྤྲད་ནས་འགན་འཁྲི་གཙང་སྒྲུབ་བྱེད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཚོགས་མིའི་རྒྱལ་ཁབ་ཀྱི་གཙོ་ཁྲིད་རྩ་དོན་དང“སྡེབ་གཅིག”གི་ཐག་གཅོད་བྱ་ཐབས་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། ཚོགས་མིའི་རྒྱལ་ཁབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་ཀྱི་གནད་དོན་རིགས་ཆེན་པོ་ལྔར་དམངས་གཙོའི་གྲོས་མོལ་བྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཆེས་རྒྱ་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་འཚོལ་ཞིབ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཚོགས་མིའི་རྒྱལ་ཁབ་དང་ཐུན་མོང་གི་ཀྲུའུ་ཞིས་མཉམ་དུ་འབད་བརྩོན་བྱས་ཏེ་སྲིད་གཞུང་དབར་གྱི་གྲོས་མོལ་འཕེལ་རིམ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྒྱུར་བཅོས་ཆེད་མིས་དུས་ཚོད་ཀྱི་ཚད་གཞི་མི་བཟོ་བ། ཆ་རྐྱེན་མ་འཛོམས་པའི་སྒྱུར་བཅོས་ཇུས་གཞི་བཙན་གྱིས་མི་འདོན་པ། ཆ་རྐྱེན་མ་འཛོམས་པའི་འོག་ཇུས་གཞི་དང་ཡིག་ཆར་གྲོས་མོལ་བྱེད་མི་རུང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས་ཚོགས་མིའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་དེ་ཚོགས་མིའི་རྒྱལ་ཁབ་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕུགས་ཀྱི་ཁེ་ཕན་དང་མཐུན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།