འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཐུས་མི་ཚོགས་པས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ཀྱི་ཆིངས་
    འཇོག་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐོག་ཀྲུང་གོའི་རུལ་རྒོལ་ལངས་ཕྱོགས་གསལ་བཤད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་ལྟ་ཞིབ་པུའི་པུའུ་ཀྲང་གཞོན་པ་ཚུའེ་ཕེང་གིས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་འཚོགས་པའི་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ཀྱི་ཆིངས་འཇོག་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བདུན་པར་ཞུགས་པ་དང་འབྲེལ་གཏམ་བཤད་སྤེལ་ནས་ཀྲུང་གོའི་རུལ་རྒོལ་ལངས་ཕྱོགས་གསལ་བཤད་བྱས་པ་རེད།
         ཚུའེ་ཕེང་གིས་རུལ་རྒོལ་འཐབ་རྩོད་སྐོར་གྱི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ངོ་སྤྲོད་བྱས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཏང་ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་མཐར་ཕྱིན་པ་བྱེད་པའི་རྣམ་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་པའི་སྲ་ཞིང་བརྟན་པའི་ཆོད་སེམས་མཚོན་པར་བྱས་ཡོད། ཁོང་གིས་རུལ་རྒོལ་ཐད་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཀྱི་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ཀྱི་ཐབས་ལམ་གཙོ་བོའི་ནུས་པར་གདེང་འཇོག་ཡག་པོ་བྱས་པ་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རུལ་རྒོལ་ཐད“ཐར་པར་གཏན་ནས་མི་གཏོང་བ”དང་། “སྟོང་ཆ་གཅིག་ཀྱང་མ་ལུས་པ” “འགོག་རྐྱེན་གཏན་ནས་མེད་པ”བཅས་ཀྱི་རྩ་དོན་ཆེན་པོ་གསུམ་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།
         ཚེས་7ཉིན་ཀྲུང་གོའི་འཐུས་མི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་རར“ཀྲུང་གོའི་རུལ་རྒོལ་ཐད་ཀྱི་འཕེལ་རིམ་གསར་ཤོས”ཞེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་མཚམས་སྦྱོར་ཚོགས་འདུ་འཚོགས་ཤིང་། ཚུའེ་ཕེང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཙོ་བོ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཀྱི་བྱེད་ཐབས་གཙོ་བོ་དང་གྲུབ་འབྲས་ངོ་སྤྲོད་བྱས་ཡོད། རྒྱལ་ཁབ་ཁག་གི་ཚོགས་ཞུགས་འཐུས་མི་བརྒྱ་ཙམ་སྒྲོག་འགྲེལ་མཚམས་སྦྱོར་ཚོགས་འདུར་ཞུགས་པ་རེད།
         《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ནི་རུལ་རྒོལ་ཁྱབ་ཁོངས་ཁྲོད་དབང་གྲགས་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ལྡན་པའི་བཅའ་ཁྲིམས་ཡིག་ཆ་ཞིག་ཡིན་པ་དང་2005ལོའི་ཟླ་12ཚེས་14ཉིན་ནས་ནུས་པ་ཐོན་པ་དང་མིག་སྔར་ཆིངས་འཇོག་རྒྱལ་ཁབ་183ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།