འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡ་རྫི་རྫོང་དུ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མེད་པ་ཕྱོགས་ཡོངས་ནས་
    མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲི ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ནས་ཤེས་རྟོགས་བྱས་པར། ཡ་རྫི་རྫོང་དུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པར་གྱུར་ཅིང་། མིག་སྔར། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་154ལ་མཉམ་སྡེབ་དཔལ་འབྱོར་མེད་པ་ཕྱོགས་ཡོངས་ནས་མཇུག་འགྲིལ་ཏེ་རྒྱུ་ནོར་གསོག་ཚད་སྒོར་ཁྲི་7520.89ཟིན་པ་དང་། ལོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་533.23ཟིན་པའི་ནང་ལོའི་ཡོང་འབབ་སྒོར་ཁྲི་100ཡན་ཟིན་པའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་1དང་། སྒོར་ཁྲི་50ནས་ཁྲི་100བར་ཟིན་པའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་2 སྒོར་ཁྲི་5ནས་ཁྲི་50བར་ཟིན་པའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་3 སྒོར་ཁྲི་1ནས་ཁྲི་5བར་ཟིན་པའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་60 སྒོར་ཁྲི་1མན་གྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་88བཅས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཡ་རྫི་རྫོང་གིས་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་གི་དོན་དངོས་དང་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་གོ་སྐབས་བཟང་པོ་དམ་པོར་བཟུང་ནས་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་ཁྲི་3100བཏང་སྟེ། གྲོང་ཚོ་རེར་སྒོར་ཁྲི་50ཡི་ཚད་གཞི་གཞིར་བཟུང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་62ལ་རོགས་རེས་མ་དངུལ་རྣམ་གྲངས་བཙུགས་པ་དང་། རྫོང་ནོར་སྲིད་ནས་དབུལ་སྐྱོར་གསར་སྤེལ་མ་དངུལ་སྒོར་ཁྲི་920རང་གྲབས་བྱས་ཏེ་ཁག་ཐེངས་གཉིས་ལ་བགོས་ནས་དབུལ་པོ་མིན་པའི་གྲོང་ཚོ་92ཀྱི་གྲོང་ཚོ་རེར་སྒོར་ཁྲི་10ཡི་རོགས་རེས་མ་དངུལ་སྤྲད་པ་རེད། གྲོང་ཚོ་ཁག་གིས་ཚོགས་ཞུགས་རང་མོས་དང་ཕྱིར་འཐེན་རང་དབང་གི་རྩ་དོན་ལ་གཞིགས་ནས་གྲོང་གསེབ་ཀྱི་མ་དངུལ་རོགས་རེས་ཁང་བཙུགས་པ་དང་། ལོ་འགོར་དངུལ་བུན་གཏོང་བ་དང་ལོ་མཇུག་ལ་དངུལ་བུན་བསྡུ་བའི་རྣམ་པ་གཞིར་བཟུང་། གྲོང་མིར་གྲངས་ཉུང་མཉམ་འབྲེལ་ཁག་ཐེག་གི་དངུལ་བུན་བཏང་སྟེ་དོ་དམ་འགྲོ་སོང་4%ནས་5%བར་བསྡུས་པ་བརྒྱུད་མཉམ་སྡེབ་ཡོང་འབབ་བསགས་ནས་50%གྲོང་ཚོ་རིམ་པའི་མཉམ་སྡེབ་ཀྱི་ལས་ཀའི་གཏོང་སྒོར་སྤྱོད་པ་དང་50%རོགས་རེས་ཁང་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་མ་དངུལ་ལ་སྤྱོད་ཀྱི་ཡོད་པ་རེད།
          རྫོང་ཡོངས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ་གོ་སྐབས་དམ་འཛིན་གྱིས“123”རོགས་སྐྱོར་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། གྲོང་ཚོ་དབུལ་པོ་62དང་དབུལ་པོ་མིན་པའི་གཙོ་གནད་གྲོང་ཚོ་39ལ“ཧྲུའུ་ཅི་དང་པོ”དང་དབུལ་སྐྱོར་(གྲོང་སྡོད)ལས་དོན་རུ་ཁག་མངགས་པ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་འགན་གཙང་བླངས་ཏེ་གྲོང་ཚོར་འབྲེལ་གཏུག་དང་། ལས་ཁུངས་ཚན་པས་གྲོང་ཚོར་རོགས་རམ། ཏང་ཡོན་ལས་བྱེད་པས་དུད་ཚང་ལ་རོགས་རམ་བཅས་ཀྱི་རོགས་སྐྱོར་ལམ་སྲོལ་བཙུགས་ནས་ལས་ཁུངས་ཚན་པ་དང་ཏང་ཡོན་ལས་བྱེད་པའི་འགན་ནུས་དང་། ཐོན་ཁུངས། འཇོན་ཐང་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་བསམ་ཕྱོགས་མི་གསལ་བ་དང་། རྣམ་གྲངས་ཞན་པ། མ་དངུལ་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་བཅོས་སྒྲིག་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་འཁྲིད་པའི་དཔུང་ཁག་གསོ་སྐྱོང་དང་གྲབས་གསོག་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར། ཚད་གཞི་ཅན་གྱི་གྲོང་ཚོ་རིམ་པའི་བྱེད་སྒོའི་འཐབ་ས་འཛུགས་སྐྲུན་བཅས་བྱས་པ་མ་ཟད། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་དང་། ཆ་འཕྲིན། རྩལ་ནུས་སོགས་ཀྱི་ཆེད་དོན་གསོ་སྦྱོང་རྟག་ཏུ་སྒྲིག་འཛུགས་བྱས་ནས་གཉེར་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་སྟོབས་ཆེན་དང་རྒྱུན་མཐུད་ཀྱི་ནང་སྐྱེས་སྒུལ་ཤུགས་མཁོ་འདོན་བྱས་པ་རེད།
          ཤང་དང་གྲོང་རྡལ་ཁག་གི་ཐོན་ཁུངས་དང་། ཐོན་ལས། རིག་གནས་སོགས་ཀྱི་ལེགས་ཆར་བརྟེན་ནས་བསམ་ཕྱོགས་གསར་གཏོད་དང་བྱ་ཐབས་ནན་གཏོང་གིས་ཁྱད་ལྡན་ཀ་རྟེན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་མཉམ་སྡེབ་དཔལ་འབྱོར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད། ཅི་ཧྲེ་གྲོང་རྡལ་ཀ་པི་ལེ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་ཚོང་འདུས་གྲོང་སྡེ་སུམ་མདོ་ཁའི་ས་སྟོང་ཞིག་ཏུ་གནས་པའི་ལེགས་ཆ་གང་ལེགས་སྤྱད་དེ་ཕྱོགས་བསྡུས་རང་བཞིན་གྱི་ཚོང་ཟོག་དང་ཞིང་ཞོར་ཐོན་ཟོག་གི་བོགས་གཏོང་ཁྲོམ་ར་ཞིག་བསྐྲུན་པར་ཁྱོན་ཐོན་རྫས་རིན་ཐང་སྒོར་ཁྲི་1660ཟིན་པ་དང་ལོ་རེར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་160ཟིན་ཡོད། ཅེ་ཙེ་གྲོང་རྡལ་ཀོ་ཧྲེ་ཐང་གྲོང་ཚོས“མཉམ་ལས་ཁང་དང་ཞིང་དུད”ཟུང་འབྲེལ་གྱི་རྣམ་པ་གཞིར་བཟུང་། གྲོང་ཚོའི་མཉམ་སྡེབ་ས་ཞིང་མུའུ་1090བརྒྱུད་བཤུག་བཏང་བ་དང་། གཡེར་མ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་པར་མིག་སྔར་མ་རྩ་བསྡོམས་འབོར་སྒོར་ཁྲི་223.6ཟིན་པ་དང་། 2016ལོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་95.11ཟིན་ཅིང་། རིམ་རྩིས་བྱས་ན་ངལ་རྩོལ་པ་140ལས་ཞུགས་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།