འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་རིའི་ལྗོངས་ཀྱི་སྐྱེ་ཁམས་བཟང་། དགུན་སྟོད་གཉན་ཡང་ཤ་ཤེད་རྒྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གངས་རིའི་ལྗོངས་ཀྱི་སྐྱེ་ཁམས་བཟང་། དགུན་སྟོད་གཉན་ཡང་ཤ་ཤེད་རྒྱས།
         མི་དམངས་དྲ་བའི་འཕྲིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བའི་རྐྱེན་གྱིས། མཚོ་བོད་མཐོ་སྒང་གི་བདག་མེད་སྲོག་ཆགས་རང་མོས་ངང་འཚར་ལོངས་བྱུང་སའི་ཞིང་ཁམས་བསྐྱར་གསོ་འབྱུང་བཞིན་ཡོད། ཟླ་10ཚེས་29ཉིན། གསར་འགོད་པས་རླངས་འཁོར་ལ་བསྡད་ནས་བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་མཐའ་མཚམས་ཀྱི་ཡུལ་སྨད་ཤང་དུ་བསྐྱོད་དུས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4900ཟིན་པའི་ཕྱག་ལ་རི་བོ་བརྒལ་དུས། རི་ངོས་སུ་གཉན་ཡོད་པ་མཐོང་ཞིང་། ཤ་ཤེད་རྒྱས་པའི་གཉན་30ཙམ་སོས་དལ་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད་པ་རེད། 
         གཉན་ནི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་རིམ་པ་གཉིས་པ་ཡིན་པ་དང་། དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2100ནས་63000བར་གྱི་རི་སྐེད་དུ་འཚོ་བཞིན་ཡོད་པ་དང་། དེ་ཚོའི་ཟས་གཙོ་བོ་ནི"མཁན་པ་དང་ན་རྩྭ་འཇག་རྩྭ"ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་ལ་གཉན་གྱི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་པ་རེད། གཅིག་ནས་གནམ་གཤིས་དྲོ་རུ་ཕྱིན་ཏེ། མཐོ་སྒང་ས་རྒོད་དུ་རྩི་ཤིང་ཇེ་མང་སོང་བ་དང་། གཉིས་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཁྲིམས་དང་འགལ་བའི་རི་དྭགས་རྔོན་ཚུལ་མཐོང་རྒྱུ་མེད་པར་གྱུར་པ་སོགས་ཀྱི་དབང་གིས་རེད། རྫ་ར་ཤང་གི་འབྲོག་པ་ཟླ་བ་ལགས་ཀྱིས། ད་ལྟའི་གཉན་ནི་མི་ལ་མི་སྐྲག་གིན་མེད་པ་རེད། དེ་ནི་རི་དྭགས་དེ་རིགས་ཀྱིས་ལམ་འགྲོ་བས་ཁོང་ཚོར་གནོད་མི་སྐྱེལ་བ་ཤེས་ཀྱི་ཡོད་པའི་དབང་གིས་རེད་ཅེས་ཟེར། 
    ༄༅།།གངས་རིའི་ལྗོངས་ཀྱི་སྐྱེ་ཁམས་བཟང་། དགུན་སྟོད་གཉན་ཡང་ཤ་ཤེད་རྒྱས།
      

    ཕྱོགས་བསྡུས་གསར་འགྱུར།