འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་22གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་22གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། ཕ་ཁི་སི་ཐན་རྒྱལ་ཁབ་ཕང་ཀྲི་ཕུ་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་པར་ར་སྤྲོད་བྱས་གསལ་དུ། ཉིན་དེའི་དགོང་མོ། འགྲུལ་པས་ཁེངས་པའི་རླངས་འཁོར་ཞིག་ཕང་ཀྲི་ཕུ་ཞིང་ཆེན་གྱི་ཨ་ཐཱ་ཁེ་ས་ཁུལ་གྱི་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། ད་ལྟ་བར་དུ་ཉུང་མཐར་ཡང་མི་22གྲོངས་པ་དང་། མི་51ལ་རྨས་སྐྱོན་ཕོག་འདུག་ཅེས་བརྗོད་པ་རེད།
          ཕང་ཀྲི་ཕུ་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་དཔོན་པོ་ཞིག་གིས་དོན་རྐྱེན་ནི་དགོང་མོའི་ཆུ་ཚོད་10ཡས་མས་སུ་བྱུང་བ་དང་། འགྲུལ་པ་82ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་དེ་ཁའེ་པོར་-ཕུ་ཧྲི་ཐུ་ཞིང་ཆེན་གྱི་ཁོ་ཧྭ་ཐི་ནས་ཕང་ཀྲི་ཕུ་ཞིང་ཆེན་གྱི་ལྭ་ཧྭར་དུ་བསྐྱོད་སྐབས། ཨ་ཐཱ་ཁེ་ས་ཁུལ་གྱི་ཁུག་པ་ཞིག་ཏུ་རླངས་འཁོར་ཚོད་འཛིན་མ་ཐུབ་པར་གྲོག་རོང་དུ་ལྷུངས་ནས་མི་18ཡུལ་དངོས་སུ་གྲོངས་པ་དང་། མི་4ལ་རྨས་ཚབས་ཆེན་ཕོག་སྟབས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཀྱང་ཕན་གོ་མ་ཆོད་པར་གྲོངས་པ་རེད།
          དཔོན་པོ་དེས་ད་དུང་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་ཉམས་མྱོང་ཞན་པ་དང་བགྲོད་ཚད་བརྒལ་ཡོད་པ་ནི་དོན་རྐྱེན་གྱི་འབྱུང་རྩ་རེད་ཅེས་བརྗོད་པ་རེད།
         དོན་རྐྱེན་བྱུང་རྗེས། མྱུར་སྐྱོབ་མི་སྣ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་པ་དང་། རྨས་སྐྱོན་མི་སྣ་དག་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཡོད་ལ། སྨན་ཁང་ཕྱོགས་ཀྱིས་རྨས་མ་ཁ་ཤས་རྨས་སྐྱོན་ཚབས་ཆེ་བའི་དབང་གིས། གྲོངས་མཁན་སྔར་བཞིན་ཇེ་མང་དུ་འགྲོ་ཉེན་འདུག་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།