འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ས་ཁམས་ཀྱི་རྒྱལ་བབ་ལ་ཕྱོགས་ཡོངས་ནས་གནད་ལ་འཁེལ་
    པོས་ཡོངས་བཤེར་ཐེངས་དང་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན་གསར་གོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ས་ཁམས་ཀྱི་རྒྱལ་བབ་ལ་ཡོངས་བཤེར་ཐེངས་དང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་འབྲེལ་ཞིབ་བཤེར་ཡང་བྱས་ཤིང་། ལས་དོན་སྤེལ་ནས་ལྗོངས་ཀྱི་ས་ཁམས་ཀྱི་རྒྱལ་བབ་ལ་ཕྱོགས་ཡོངས་ནས་གནད་ལ་འཁེལ་པོས་ཡོངས་བཤེར་ཐེངས་དང་པོ་བྱས་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱི་ས་ཁམས་ཀྱི་རྒྱལ་བབ་ལ་ཡོངས་བཤེར་ཐེངས་དང་པོ་2013ལོར་དངོས་སུ་བྱེད་འགོ་བཙུགས་ཏེ། མཐོང་གསལ་དོད་པའི་རྒྱང་ཚོར་བརྙན་ཆས་སྤྱད་པ་དང་ལས་རིགས་དང་ཆེད་ལས་མང་པོའི་གཞི་གྲངས་འཚོལ་བསྡུ་དང་བསྡུ་སྒྲིལ་བྱས་ནས་ཚོད་ལྟ་ཁང་གི་དབྱེ་ཞིབ་དང་བརྡར་གཅོད་གསལ་པོ་དང་ཕྱི་རོལ་བརྟག་ཞིབ་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་སྲིད་འཛིན་ཁུལ་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་ས་ཁམས་རྒྱུ་རྐྱེན་གཙོ་བོའི་བར་མཐོངས་ཁྱབ་ཚུལ་ལ་ཕྱོགས་ཡོངས་ནས་རྩད་ཆོད་མཐའ་གསལ་བྱས་པ་དང་ཆབས་ཅིག ས་ཁམས་ཀྱི་རྒྱལ་བབ་མཚོན་པའི་ས་བཀྲ་ཡང་བཀོད་ནས་ལྗོངས་ཡོངས་སུ་ཁྱབ་པའི་ས་ཁམས་རྒྱལ་བབ་མཚོན་པའི་གྲངས་གཞིའི་མཛོད་བསྐྲུན་པ་རེད།
         བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཐིང་ཀྲང་ལེང་ཅན་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ཡོངས་བཤེར་བྱ་ཡུལ་ནི་ལྗོངས་ཡོངས་ཀྱི་སྐམ་སའི་རྒྱལ་ཁབ་ས་ཆའི་ཁྱབ་ཁོངས་ཀྱི་ས་ངོས་རང་བྱུང་དང་སྤྱི་ཚོགས་ཀྱི་ས་ཁམས་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། དེའི་གྲུབ་འབྲས་ནང་མཐོང་གསལ་དོད་པའི་རྒྱང་ཚོར་བརྙན་ཆས་དང་། ས་ངོས་ལ་ཁྱབ་པའི་གཞི་གྲངས། ས་ཁམས་ཀྱི་རྒྱལ་བབ་གཙོ་བོ་སོགས་ཚུད་ཡོད། བོད་ཀྱི་ས་ཁམས་ཀྱི་རྒྱལ་བབ་མཐིལ་རྟོགས་ཐུབ་ནས། ཐོན་ཁུངས་དང་། སྣོད་བཅུད། ཁོར་ཡུག མི་འབོར། དཔལ་འབྱོར། སྤྱི་ཚོགས་སོགས་རྒྱུ་རྐྱེན་གཙོ་བོ་ས་ཁམས་ཆགས་སྟངས་ཀྱི་བར་མཐོངས་སུ་ཕན་ཚུན་ནུས་པ་ཐོན་པ་དང་ཕན་ཚུན་ཤུགས་རྐྱེན་ཐེབས་ལུགས་ཚུད་པའི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་སྟོན་བྱ་ཆོག་པ་དང་། རྒྱལ་བབ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་གཞན་དག་ལ་བརྟག་ཞིབ་བྱ་རྒྱུར་གྲངས་གཞིའི་མཛོད་མཁོ་འདོན་བྱ་ཆོག
         གྲངས་གཞི་ལས་མངོན་པར་གཞིགས་ན། ད་རེས་ཡོངས་བཤེར་བྱས་པའི་གྲུབ་འབྲས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་ཅིང་། ཁྱོན་ས་ངོས་བཀབ་པའི་སྟག་རིས་ཁྲི་440དང་ས་ཁམས་ཀྱི་རྒྱལ་བབ་མཚོན་པའི་རྒྱུ་རྐྱེན་གཙོ་བོའི་གྲངས་གཞི་ཁྲི་118ལྷག་ཙམ་ཐོབ་ཡོད་པ་ལས་ལྗོངས་ཡོངས་ཀྱི་འདེབས་འཛུགས་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་5451ལྷག་ཙམ་དང་། ནགས་ཚལ་དང་སྤང་ལྗོངས་ཁྱབ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་94ལྷག་ཙམ། ཆུ་བོ་རྒྱུག་པའི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་107ལྷག་ཙམ། མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3ལྷག་ཙམ། འཁྱག་རོམ་དང་ལོ་མང་གངས་གསོག་ཐེབས་པའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་2ལྷག་ཙམ། ཐང་རྒོད་དང་ཐང་སྡེར་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་20ལྷག་ཙམ། སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་505ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།