འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་
    ཡོང་བའི་རེ་སྒུག་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཚེས་8ནས་10ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། དེ་ནི་ཙུང་ཐུང་ཐེ་རོན་ཕུས་གོ་གནས་བཞེས་རྗེས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་ཞིང་། ལོའི་ནང་འགོ་ཁྲིད་གཉིས་ཐུག་འཕྲད་ཐེངས་གསུམ་པ་གནང་བ་དང་འབྲེལ་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་བྱ་རྒྱུ་རེད།
          དེ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་བྱས་པའི་རྒྱལ་དོན་གྱི་འཚམས་འདྲི་དང་པོ་དེ་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པ་དང་འབྲེལ་ཀྲུང་ཨའི་ཆེས་མཐོའི་འགོ་ཁྲིད་ཀྱིས་དུས་རབས་གསར་པའི་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ལ་འཆར་གཞི་གསར་པ་འགོད་རྒྱུའི་རེ་སྒུག་བྱེད་པ་དང་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཀྲུང་ཨའི་འབྲེལ་བས་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། གྲ་རྒྱས་བཅས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
         ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱིས་གོ་སྐབས་དེ་བས་མང་པོ་བསུས་པ།
         རྒྱ་གར་གྱི་ཉི་ཧོ་ལུའུ་སློབ་ཆེན་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་རྒྱ་རིག་པ་མཁས་ཅན་ཏེ་པའོ་ཅེས་ཨ་ཀྲུང་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་སྤྲོ་སྣང་ཆེན་པོ་བྱེད་ཅིང་། ཁོང་གིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་འབྲེལ་བའི་གལ་ཆེའི་རང་བཞིན་ལའང་ངོས་འཛིན་ཐུབ་པ་མ་ཟད། ཆབ་སྲིད་དང་འཐབ་ཇུས་ཁྱབ་ཁོངས་ལ་རྒྱབ་སྐྱོར་དེ་བས་མང་པོ་ཐོབ་ཡོད། ད་ཐེངས་ཕྱོགས་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་མི་སྣ་སླར་ཡང་ཐུག་འཕྲད་བྱ་རྒྱུ་དེས་ཀྲུང་ཨའི་འབྲེལ་བར་གསོན་ཤུགས་གསར་པ་སྦྱིན་རྒྱུ་དང་ཕྱོགས་གཉིས་པོས་གཉིས་ཕན་དང་། དངོས་སྒྲུབ། མཉམ་ལས་བཅས་བྱས་ཏེ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གཙོ་བོའི་ཐད་འབྲེལ་བ་དང་མཐུན་སྦྱོར་དམ་ཟབ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།
         ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱིས་འཛམ་གླིང་དར་རྒྱས་ཡོང་བར་སྐུལ་མ་ཐེབས་རྒྱུ་ཡིན་པ།
         ཧན་གོའི་ཧྲོའར་གྲོང་ཁྱེར་གྱི་ལྟེ་བའི་ཉེ་འགྲམ་དུ་ཡོད་པའི་གཞུང་ལས་ཁང་དུ་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའི་དྲུང་ཆེ་ལི་ཀྲུང་ཤན་གྱིས་གསར་འགོད་པར“ཀྲུང་ཨའི་འབྲེལ་བ་ནི་ཨེ་ཤེ་ཡ་བྱང་ཤར་དང་ཐ་ན་ཨེ་ཤེ་ཡ་ས་ཁུལ་ཧྲིལ་པོའི་འབྱུང་འགྱུར་འཕེལ་རྒྱས་གཏན་འཁེལ་བྱེད་པའི་རྒྱུ་རྐྱེན་ཆེ་ཤོས་དེ་རེད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོ་འཛུགས་རྒྱུ་དེ་ས་ཁུལ་ཧྲིལ་པོའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ”ཞེས་བཤད།
         ལི་ཀྲུང་ཤན་གྱིས་དེང་གི་དུས་བབ་འོག་ཀྲུང་ཨའི་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོ་འཛུགས་པར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་གི་རྩ་དོན་ལ་གཞིགས་ནས་དོན་དངོས་གནས་ཚུལ་གཞིར་བཟུང་དེ་བས་སྒོ་འབྱེད་དང་སྟབས་བསྟུན་གྱི་སྲིད་ཇུས་སྤྱོད་དགོས་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས་མདུན་ལམ་ཡངས་པའི་ཀྲུང་ཨའི་འཕེལ་རྒྱས་འབྲེལ་བས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་བདེ་སྐྱིད་བསྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་གནང་གི་འདུག
         ཧྥི་ལི་ཕིན་གྱི་དམངས་ཁྲོད་ཇུས་འདོན་ཚོགས་པ་ཧྥི་ལི་ཕིན་ཕྱོགས་བསྡུས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ཆའོ་ཀྲེ·ལིས་གསར་འགོད་པར་ཀྲུང་ཨའི་འབྲེལ་བས་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཞོལ་བ་དང་དམངས་ཁྲོད་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་དང་དམག་དོན་གྱི་གདོང་ཐུག་མི་ཐོན་པ་བྱེད་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་དོ་སྙོམས་དང་། འདུ་ཤེས་མཐུན་སྦྱོར། ཕན་ཚུན་དབར་གྱི་ཁེ་ཕན་ལ་ལྟ་རྟོག་བཅས་བྱས་ཚེ་འཛམ་གླིང་ཧྲིལ་པོ་དེ་བས་ཞི་བདེ་གྲ་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་ཐུབ་ཅེས་བཤད་བྱུང་།
         ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཕན་པ་སྐྲུན་ཐུབ།
         ཨེ་ཙེ་ཨོ་ཕི་ཡའི་ཨེ་ཏི་སི་ཨ་པ་པ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཨུ་ལྷན་གྱི་མཐོ་རིམ་བློ་འདྲི་བ་པེར་ཧུའུ་ཐེ་སི་ཧྥ·ཁོ་སི་ཐན་ཏི་ནུའོ་སིས་མིག་སྔར་འཛམ་གླིང་གི་གནས་སྟངས་སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ཀྲུང་ཨའི་འབྲེལ་བས་འཛམ་གླིང་གི་དུས་བབ་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སྔར་བཞིན་ཆག་པ་དང་འཛམ་གླིང་གི་བདེ་འཇགས་དུས་བབ་ལ་དེ་ཙམ་དགའ་བ་སྐྱེ་འོས་པ་ཞིག་མེད་པའི་རྒྱབ་ལྗོངས་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་འབྲེལ་བ་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་དང་བདེ་འཇགས་ཁྱབ་ཁོངས་ལ་འཕྲད་པའི་གནད་དོན་ཐག་གཅོད་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།
          མོ་ཞི་ཁོ་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་ལྟེ་གནས་ཀྱི་ཞིབ་འཇུག་པ་དབྱི་ཀེ་ནཱ་ཤིས་ཨོ·མཱ་ཏིང་ནེ་སིས་ཀྲུང་ཨ་ཕྱོགས་གཉིས་པོས་འབད་བརྩོན་བྱས་ཏེ་ལེགས་ལ་སྐྱོན་བྲལ་གྱི་འབྲེལ་བ་འཛུགས་རྒྱུ་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་ས་ཁུལ་གྱི་ཞི་བདེར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྒྱལ་ཁབ་གཉིས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད། དེར་བརྟེན་ད་ཐེངས་ཀྱི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཀྱི་འགོ་གཙོའི་ཐུག་འཕྲད་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱ་རྒྱུ་རེད། ད་ཐེངས་ཀྱི་འཚམས་འདྲི་དེས་ཀྲུང་ཨའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་བའི་ལེའུ་གསར་པ་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།