འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེན་ཀྲུའུ་སྐབས་གསར་པའི་རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་
    རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཟླ་གསར་དམར་པོ་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་6ཉིན་ཐུར་ཁེའི་གྲོང་ཁྱེར་ཨན་ཐ་ལི་ཡར་ཚང་འཛོམས་ཚོགས་འདུ་འཚོགས་པ་དང་འབྲེལ་འགོ་ཁྲིད་ཀྱི་སྒྲིག་གཞི་བདམས་ཤིང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་ཁྲེན་ཀྲུའུ་སྐབས་གསར་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་རྗེས། ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས། ད་ཕན་ལོ་ཤས་རིང་ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པ་སོགས་ཀྱི་ལས་དོན་སྤེལ་བ་དང་ཆབས་ཅིག་རྒྱལ་སྤྱིའི་རྒྱ་གྲམ་དམར་རྟགས་དང་ཟླ་གསར་དམར་པོའི་ལས་འགུལ་ལ་ཧུར་ཐག་ཞུགས་པ་མ་ཟད། རྒྱ་གྲམ་དམར་རྟགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྤེལ་གྱི་རྣམ་གྲངས་ལག་བསྟར་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་གྲམ་དམར་རྟགས་ལས་འགུལ་བཅོས་སྐྱོང་དང་། ཁྲིམས་སྲོལ་གཏན་འབེབས། རྒྱལ་སྤྱིའི་མི་ཆོས་རོགས་སྐྱོབ་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།