འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཉིང་ཞ་བཅས་ཀྱིས་མཉམ་དུ་མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཁྲི་ཀ་རྫོང་གི་རྨ་ཆུའི་ངོགས་སུ། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིས“མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིང་ཞ་བཅས་ཀྱི་རྨ་ཆུའི་དུམ་བུའི་ཉ་ལས་ལ་མཉམ་འབྲེལ་ཁྲིམས་འཛིན་དང་དེ་བཞིན་ལྟ་བཤེར་བྱེད་རེས་ཀྱི་བྱེད་སྒོ”མཉམ་འབྲེལ་ཐོག་སྤེལ་འགོ་བཙུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིས་མཉམ་འབྲེལ་ཁྲིམས་འཛིན་བྱས་ནས་རྨ་ཆུར་སྲུང་སྐྱོང་བྱེད་པའི་ཇུས་བཟང་ལ་མཉམ་དུ་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་རི་ཆུས་མཉམ་དུ་སྦྲེལ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཚུན་གསབ་རེས་བྱེད་ནུས་ཆེན་པོ་ལྡན་པས། ཉ་ལས་ཁྲིམས་འཛིན་དོ་དམ་ཐད་དཔྱད་གཞིར་འཛིན་གནས་མང་པོ་ཡོད། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིང་ཞ་བཅས་ཀྱི་རྨ་ཆུའི་དུམ་བུའི་ཉ་ལས་ལ་མཉམ་འབྲེལ་ཁྲིམས་འཛིན་དང་དེ་བཞིན་ལྟ་བཤེར་བྱེད་རེས་ཀྱི་བྱེད་སྒོ་མཚོ་སྔོན་དུ་སྤེལ་འགོ་ཚུགས་པ་དེ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིས་ཞིང་ལས་པུའུ་དང་ཉ་ལས་ཅུས་ཀྱི་མཛུབ་ཁྲིད་འོག“སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་རེད།
         ཞིང་ལས་པུའི་འབྲེལ་ཡོད་འགན་འཁུར་བས། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིས་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་ཀྱི་ཕན་ཡོད་གོ་སྐབས་སྤྱད་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁོངས་ལ་མཉམ་དུ་དོ་དམ་བྱེད་པ་དང་། ཁྲིམས་འཛིན་མ་ཐུབ་པའི་ཆུ་ཁོངས་ལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འགལ་སྒྲིག་འགལ་གྱི་ཉ་འཛིན་བྱེད་སྤྱོད་ལ་དམ་བསྒྲགས་དང་རྡུང་རྡེག་གཏོང་བའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། མངོན་ཞིབ་ལྐོག་བཤེར་དང་། གནད་གཅིག་དང་ཁྱོན་ཡོངས་དབར་ཟུང་འབྲེལ། བཞུགས་མོལ་འདྲི་རྩད་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ལྟ་བཤེར་གྱི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ཤེས་རྟོགས་ཐུབ་པའི་གནད་དོན་ལ་དོ་སྣང་བྱེད་པ། བློ་ཁོག་ཆེན་པོས་ལས་དོན་སྤེལ་བ་བཅས་བྱེད་དགོས་པ། ཉ་པའི་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁྲིམས་ལྟར་ཉ་ལས་ཐོན་སྐྱེད་བྱེད་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་སྣ་ཚོགས་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་དཔེ་དྲངས་ཏེ་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་དང་ཉེན་བརྡའི་སློབ་གསོ་བཏང་ནས་ཟིལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་པ་དང་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་སྟེ་ཁྲིམས་ལྟར་ཉ་ལས་ལ་བཅོས་སྒྲིག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།