འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱབ་ལྗོངས་འོག་འཕེལ་རྒྱས་ལ་བརྟེན་
    ནས་ཞི་བདེར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15དང་16ཉིན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པའི“ཀྲུང་གོ་དང་ཨ་རབ་ཀྱིས་ཤེས་དཔལ་གྱི་ཐོག་ནས་སྐད་ཆ་ཤོད་རེས་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་གྲལ་སྒོར་ཚོགས་འདུའི”ཐོག་ཀྲུང་གོ་དང་ཨ་རབ་ཀྱི་རྒྱལ་ཁབ་16དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འཐུས་མིས“ཐལ་སྐྱོད་ཅན་མེད་པ་བཟོ་བའི་བཅོས་སྒྲིག”སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཤིང་། ཕྱོགས་གཉིས་པོས་མཉམ་ལས་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།
          ད་ཐེངས་ཀྱི་ཚོགས་འདུ་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡིས་གཙོ་གཉེར་བྱས་པ་དང་ཁྲེང་ཏུའུ་གྲོང་ཁྱེར་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གིས་སྒྲུབ་འགན་འཁུར་བ་དང་དེའི་ནང་དཔོན་རིགས་དང་། རིགས་གཅིག་མཁས་ཅན། མཁས་དབང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་ཁྱོན་མི་70ལྷག་ཙམ་ཞུགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2016ལོར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་འཚམས་འདྲི་གནང་སྐབས་བཏོན་གནང་བའི་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་ཤེས་དཔལ་གྱི་ཐོག་ནས་སྐད་ཆ་ཤོས་རེས་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་གྲལ་སྒོར་ཚོགས་འདུ་འཚོག་རྒྱུའི་སྐོར་གྱི་གྲོས་འགོ་གཞིར་བཟུང་། ད་ཐེངས་ཀྱི་ཚོགས་འདུར“ཀྲུང་གོ་དང་ཨ་རབ་མཉམ་ལས་མཉམ་སྐྲུན་གྱི‘རྒྱུད་གཅིག་ལམ་གཅིག’གི་རྒྱབ་ལྗོངས་འོག་ཤེས་དཔལ་གྱི་ཐོག་ནས་སྐད་ཆ་ཤོད་རེས”དང“ཐལ་སྐྱོད་ཅན་མེད་པ་བཟོ་བའི་བཅོས་སྒྲིག་དང་ཀྲུང་གོ་དང་ཨ་རབ་ཀྱི་ཐལ་སྐྱོད་ཅན་མེད་པ་བཟོ་བའི་མཉམ་ལས”སོགས་ཀྱི་གྲོས་གཞིར་གཙོ་གནད་ཐོག་གྲོས་བསྡུར་བྱ་རྒྱུ་རེད།
         “ཐལ་སྐྱོད་བསམ་བློ་ཐོན་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ནི་འཕེལ་རྒྱས་ལ་གནད་དོན་འཕྲད་པ་ཞིག་ཡིན”ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་ཀྲུང་གོ་ཕྱོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་དྲུང་ཆེ་དང་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སིའི་སི་ཀྲང་ཏེང་ལིས་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱིས་གོ་ལ་ཧྲིལ་པོའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོ་ཡི་ཡོད་པས་འཕེལ་རྒྱས་ཀྱི་མཚལ་ཡིག་ཐག་གཅོད་བྱས་ཏེ་སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བརྗོད། ཁོང་གིས་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཨ་རབ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེས་ཐལ་སྐྱོད་རིང་ལུགས་མེད་པ་བཟོ་རྒྱུར་ཕན་པ་ཡོད་ཅེས་ནན་བཤད་བྱས་པ་རེད།
          ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨར་ཅི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་གི་བློ་འདྲི་བ་ཨའེ་ལེ·ཧུའུ་ཨ་སི·ལི་ཨ་ཧྲེ་ཡིས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་དེ་ཀྲུང་གོ་དང་ཨ་རབ་མི་དམངས་དང་ཀྲུང་གོ་དང་ཨ་རབ་སྲིད་གཞུང་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ལ་གྱུར་བས་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཅུང་ཆེ་ཙམ་བྱུང་ཡོད། ཐལ་སྐྱོད་གཏུམ་སྤྱོད་ནི་འཇིགས་སྐུལ་རིང་ལུགས་ཀྱི་རྩ་བ་ཡིན་པས་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་བྱ་སྤྱོད་ཏན་ཏིག་སྤེལ་ནས་ཐལ་སྐྱོད་གཏུམ་སྤྱོད་དང་འཐབ་རྩོད་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།