འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལོང་བ་བུ་མོས"ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར"ཞེས་པའི་གཞས་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལོང་བ་བུ་མོས'ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར'ཞེས་པའི་གཞས་བཏང་བ།
         མི་དམངས་དྲ་བའི་འཕྲིན། 1998ལོའི་ཟླ་9ཚེས་14ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དཔལ་བན་ཚང་ཤང་གི་འབྲོག་པའི་ཁྱིམ་ཞིག་ཏུ་སྐྱེས་བའི་བུ་མོ་བདེ་ཆེན་གཡུ་སྒྲོན་ནི་བཙས་ནས་ཉིན་འགའི་ནང་ནད་གཞི་ཆེན་པོ་ཞིག་ཕོག་པས་ལོང་བར་གྱུར་པ་རེད། བདེ་ཆེན་གཡུ་སྒྲོན་ནར་སོན་པའི་གོ་རིམ་ཁྲོད་དུ་རིམ་བཞིན་རླུང་སྒྲ་ལ་ཉན་ཤེས་པར་གྱུར་པ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་གླུ་དབྱངས་ཅི་དགར་ལེན་བཞིན་ཡོད། འབྲོག་པ་ཚོས་ཁོང་མོའི་སྐད་གསང་མཐོ་ཞིང་གསལ་བའི་གླུ་དབྱངས་ཐོས་རྗེས། ཁོང་མོར"རྩྭ་ཐང་སྟེང་གི་འཇོལ་མོ"ཞེས་པའི་མིང་བཏགས་པ་རེད། ལོ་9ལ་སོན་དུས། གཉེན་ཉེ་ཚོས་ཁོང་མོ་བོད་ལྗོངས་ལོང་བའི་སློབ་གྲྭ་རུ་སློབ་སྦྱོང་བྱེད་པར་བསྐྱལ་ཞིང་། ཁོང་མོས་སྒྲ་སྡུད་འཕྲུལ་འཁོར་དང་སློབ་གྲོགས་ཚོའི་ས་ནས་བོད་ཀྱི་དམངས་གླུ་སྔར་ལས་མང་པོ་སྦྱངས་པ་མ་ཟད། ད་དུང་གར་སྟེགས་སྟེང་འཁྲབ་སྟོན་བྱེད་པའི་གོ་སྐབས་ཀྱང་ཐོབ་པ་རེད། 
    【1】  【2】  【3】  【4】
    ༄༅།།ལོང་བ་བུ་མོས'ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར'ཞེས་པའི་གཞས་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།