འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།"བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོ"ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོ'ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་གཉེར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་11ཉིན་གྱི་དགོང་མོར"བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོ”ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་གཉེར་ཞིང་། ཀྲུང་གོའི་ཞིང་ལྗོངས་ལྔའི་བོད་རིགས་ས་ཁུལ་ནས་ཡོང་བའི་བོད་རིགས་ན་གཞོན་60ལྷག་གིས"བོད་པའི་ཤོམ་འགྲན་བསྡུར་ཆེན་པོ"གཉེར་ཡུལ་དངོས་སུ་བོད་ཀྱི་རྒྱན་གོས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲེམས་སྟོན་བྱས་ནས་བོད་ཀྱི་རྒྱན་གོས་ཀྱི"རིག་གནས་འགྲེམས་སྟོན་གཟབ་རྒྱས"ཤིག་བཤམས་པ་རེད། 
         བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྲོལ་རྒྱུན་གྱི་བོད་པའི་རྒྱན་གོས་བསྡོམས་རྩིས་རགས་ཙམ་བྱས་པར་ལྟར་ན་ཁྱོན་བསྡོམས་རིགས་800ལྷག་ཡོད་པ་དང་། ཐེངས་འདིའི་བྱེད་སྒོས་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་སྲོལ་རྒྱུན་སྤུས་ལེགས་ཀྱི་རྒྱན་གོས་གྲགས་ཅན་དང་བོད་ཀྱི་གཞི་རྒྱུ་གསར་གཏོད་བྱས་པའི་དར་སྲོལ་ཆེ་བའི་རྒྱན་གོས་གྲགས་ཅན། ཇུས་འགོད་དགེ་རྒན།བོད་པའི་ཤོམ་སོགས་བོད་ཀྱི་རྒྱན་གོས་རིག་གནས་དང་འབྲེལ་བའི་ཐོན་ལས་གཞི་རྒྱུ་གཙོ་བོ་དག་ཀན་ལྷོ་བོད་ཁུལ་དུ་གཅིག་བསྡུས་བྱེད་ནས། བོད་པའི་ཤོམ་གཉེར་བར་བརྟེན་ནས་བོད་ཀྱི་རྒྱན་གོས་རིག་གནས་སྔོག་འདོན་དང་ཁྱབ་སྤེལ་བྱས་ནས་གྲགས་ཆེ་ཕུལ་དུ་ཕྱིན་པའི་བོད་ཀྱི་རྒྱན་གོས་དང་བོད་ཀྱི་གཞི་རྒྱུ་འཛམ་གླིང་གི་དར་སྲོལ་ཆེ་བའི་གཞི་རྒྱུ་གཙོ་བོར་ཁྱབ་སྤེལ་བྱས་ཏེ"བོད་ཁུལ་གྱི་ཕ་རི་སི་དར་སྲོལ་ཆེ་བའི་རྒྱན་གོས་གཟའ་འཁོར"སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
    【1】  【2】
    ༄༅།།'བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོ'ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།