འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱི་འཁོར་ལམ་གཏན་འཁེལ་བྱ་རྒྱུ་འཕྱུགས་མེད་
    ཡིན་ཚད་ལི་སྨི་རིམ་པ་བར་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། གསར་འགོད་པས་ཤིས་ཨན་སྲུང་སྐར་ཚད་ལེན་ཚོད་འཛིན་ལྟེ་གནས་སུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། ལོ་50ཡི་རིང་འཕེལ་རྒྱས་བཏང་བ་བརྒྱུད་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་ཚད་ལེན་ཚོད་འཛིན་མི་སྣས་འགག་རྩ་དང་ལྟེ་བའི་ལག་རྩལ་གཅིག་རྗེས་གཉིས་མཐུད་ངང་འགག་སྒྲོལ་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱི་འཁོར་ལམ་གཏན་འཁེལ་བྱ་རྒྱུ་འཕྱུགས་མེད་ཡིན་ཚད་ཆེས་ཐོག་མའི་སྤྱི་ལེ་རིམ་པ་དང་སྨི་རིམ་པ་ནས་ལི་སྨི་རིམ་པའི་བར་མཆོང་སྐྱོད་བྱུང་བ་རེད།
        ཤིས་ཨན་སྲུང་སྐར་ཚད་ལེན་ཚོད་འཛིན་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་ཆི་ཡ་ཧུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་རིང་ལྟེ་གནས་དེས་འཕྱུགས་མེད་ངང་འཁོར་ལམ་གཏན་འཁེལ་བྱེད་པའི་ཁྱབ་ཁོངས་གསར་ཤོས་དེ་འབད་འབུངས་ཆེན་པོས་གསར་འབྱེད་བྱ་རྒྱུར་དམིགས་ནས་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱི་འཁོར་ལམ་གཏན་འཁེལ་དང་། འཁོར་ལམ་ཚོད་འཛིན། འཁོར་ལམ་རྒྱུན་འཁྱོངས་སོགས་འགག་རྩ་དང་ལྟེ་བའི་ལག་རྩལ་དེ་སྔ་རྗེས་སུ་འགག་སྒྲོལ་བྱས་པས་འཁོར་ལམ་གཏན་འཁེལ་དང་ཚོད་འཛིན་བྱ་རྒྱུ་འཕྱུགས་མེད་ཡིན་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།