འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ལས་ཤོར་འགན་བཅོལ་ལ་ཞུགས་པའི་ཁེ་ལས་ཀྱི་ལས་བཟོས་ཆ་རྐྱེན་དང་འཚམ་ན་
    རྩལ་ནུས་ཀྱི་ཁ་གསབ་ལོངས་སུ་སྤྱད་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་དང་ནོར་སྲིད་ཐིང་གིས་《ལས་ཤོར་འགན་བཅོལ་གྱིས་འགན་བཅོལ་ལ་ཞུགས་པའི་ལས་བཟོའི་ལས་རིགས་རྩལ་ནུས་མཐོར་གཏོང་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་》མཉམ་འབྲེལ་ཐོག་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ལས་ཤོར་འགན་བཅོལ་ལ་ཞུགས་པའི་ལས་བཟོས་ཆ་རྐྱེན་དང་འཚམ་ན་ལས་རིགས་རྩལ་ནུས་མཐོར་གཏོང་གི་ཁ་གསབ་ལོངས་སུ་སྤྱད་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།
            《བརྡ་ཐོའི་》ནང་ཁ་གསབ་སྤྲོད་པའི་ཆ་རྐྱེན་གཏན་འབེབས་བྱས་པ་སྟེ། ཁེ་ལས་ཀྱི་ལས་ཐོག་ལས་བཟོས་ལས་ཤོར་འགན་བཅོལ་ལ་ཁྲིམས་ལྟར་ཞུགས་ནས་རིམ་རྩིས་བརྒྱབ་ན་ལས་ཤོར་འགན་བཅོལ་གྲོན་དངུལ་ཟླ་36(ཟླ་36ཚུད་པ)ཡན་འཇལ་བ་མ་ཟད། མཚོ་སྔོན་དུ་ལས་ཤོར་འགན་བཅོལ་ལ་ཞུགས་པ་དང་འབྲེལ་ལས་ཤོར་འགན་བཅོལ་གྲོན་དངུལ་ཟླ་6(ཟླ་6ཚུད་པ)ཡན་འཇལ་བ་དང་། 2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་དམའ་རིམ་(རིམ་པ་ལྔ་པ)དང་། འབྲིང་རིམ་(རིམ་པ་བཞི་པ) མཐོ་རིམ་(རིམ་པ་གསུམ་པ)བཅས་ཀྱི་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ལས་རིགས་རིམ་པའི་ལག་ཁྱེར་རག་མཁན་ལ་ཆ་མཚོན་ན། ལས་རིགས་རྩལ་ནུས་མཐོར་གཏོང་གི་ཁ་གསབ་ལོངས་སུ་སྤྱད་ཆོག་པ་དང་། ཁ་གསབ་ཀྱི་ཚད་གཞི་ནི་དམའ་རིམ་ལ་སྒོར་1000དང་། འབྲིང་རིམ་ལ་སྒོར་1500 མཐོ་རིམ་ལ་སྒོར་2000བཅས་རེད། 《བརྡ་ཐོའི་》ནང་ལས་རིགས་ཀྱི་ལས་སྣ་དམིགས་བསལ་ཅན་གྱི་འགན་བཅོལ་ལ་ཞུགས་པའི་ལས་བཟོར་གོང་གསལ་གྱི་ཆ་རྐྱེན་ལྡན་ཚེ་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱི་འགན་འཁུར་བས་ཞིང་ཆེན་ལས་རིགས་རྩལ་ནུས་གསལ་འབྱེད་ལྟེ་གནས་ལ་ཐོ་འགོད་བྱས་ཏེ་ཞིབ་བཤེར་བྱས་རྗེས་རྩལ་ནུས་མཐོར་གཏོང་གི་ཁ་གསབ་ལོངས་སུ་སྤྱད་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།