འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14དང་15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མངགས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ་རེད། ཚོགས་པ་དེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲོའུ་ཝེ་ཡིས་ཚོགས་གཙོའི་འགན་འཁུར་བ་དང་། ཁོངས་མི་དེ་པེ་ཅིང་དང་བོད་ནས་ཕེབས་པའི་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་དང་། བོད་རིགས་ལས་བྱེད་པ། སྤྲུལ་སྐུ་བཅས་ཚུད་ཡོད་པ་རེད།
           མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དུ་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་བཙུགས་སློབ་ཆེན་དང་། རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ། བོད་རིག་པ་ཞིབ་འཇུག་ཁང་། རྒྱལ་ཁབ་དཔེ་མཛོད་ཁང་། རྒྱལ་ཁབ་འཕྲིན་གཏོང་ཁང་སོགས་ཀྱི་ཇུས་འདོན་ཚོགས་པ་དང་སྨྱན་སྦྱོར་གྱི་གྲགས་ཅན་མཁས་དབང་དང་གསར་འགོད་པ་དང་བཞུགས་མོལ་གནང་བས་ས་གནས་ས་ཐོག་གི་རྣམ་པ་དགའ་སྤྲོ་འཁོལ་ལ་མཛའ་མཐུན་ལྡན་པ་ཞིག་ཡོད། སྤེལ་རེས་ཚོགས་པས་རང་གི་མཐོང་ཐོས་དྲན་རེག་བརྗོད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ཕྱི་ཕྱོགས་སྒོ་འབྱེད། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སོགས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་དང་སྦྲགས། ཕ་རོལ་པོས་དོ་ཁུར་བྱེད་པའི་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ལན་བསྐྱོན་པ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་དབར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་དུ་སྤེལ་བའི་ཆུ་ཚད་དང་འཚམ་པའི་བོད་དང་འབྲེལ་བ་ཡོད་པའི་རིག་གནས་དང་། རིག་གཞུང་། ཆོས་ལུགས་སྤེལ་རེས་བཅས་ཐད་སྔར་བས་བགྲོ་གླེང་གནང་ནས་ཐུན་མོང་གི་ངོས་འཛིན་མི་ཉུང་བ་ཞིག་གྲུབ་ཡོད་པ་རེད།
          སྤེལ་རེས་ཚོགས་པ་ཨུ་ལན་དཔའ་ཐུལ་དུ་གནས་པའི་མོང་གོལ་རྒྱལ་ཁབ་ཀྱི་གྲགས་ཅན་དགོན་པ་ཏ་ཤིས་ཆའོ་དབྱི་ལུན་དགོན་དང་མན་པ་མདའ་ཚང་དགོན་དུ་འཚམས་འདྲིར་ཕེབས་པས་དགོན་པ་གཉིས་པོའི་མཁན་པོ་དང་བླ་མ་སྐྱེས་ཆེན་གྱི་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཐོབ་ཡོད། སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཀྱི་དགེ་འདུན་པ་དེ་བས་མང་བ་ཀྲུང་གོའི་བོད་དུ་ཕྱག་དཔེ་སློབ་སྦྱོང་དང་། གནས་མཇལ། ཡུལ་སྐོར་བཅས་སུ་ཕེབས་རྒྱུར་དགའ་བསུ་ཞུས་ཡོད། སྤེལ་རེས་ཚོགས་པ་ད་དུང་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་གིས་ཞལ་འདེབས་བརྒྱབ་ནས་བསྐྲུན་རོགས་བྱས་པའི་སྐུ་འདྲ་ཆེན་པོ་སྒྲིག་སྦྱོར་བྱ་ཡུལ་དུ་ཕྱིན་པས་རྒྱལ་ཁབ་གཉིས་པོའི་ཆོས་ལུགས་ལས་རིགས་ཀྱིས་དམངས་སེམས་གཅིག་སྦྲེལ་ལ་སྐུལ་མ་གཏོང་བའི་ཐད་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད་པ་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།