འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་དང་ཨེ་ཅིབ་སྲིད་གཞུང་དབར་ཨ་སྒོར་དུང་ཕྱུར་12.4ཙམ་གྱི་ལྕགས་
    ལམ་རྣམ་གྲངས་ཀྱི་གན་རྒྱ་བཞག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་ཨེ་ཅིབ་ཀྱི“སྨྱུང་གནས་སྲུང་བའི་ཟླ་བའི་ཉིན་བཅུའི་གྲོང”གི་གྲོང་ཁྱེར་ཉེ་འདབས་ཀྱི་ལྕགས་ལམ་རྣམ་གྲངས་གན་འཇོག་མཛད་སྒོ་ཁེ་རོར་འཚོགས་པ་དང་ཀྲུང་གོ་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་དང་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིས་ཨེ་ཅིབ་རྒྱལ་ཁབ་ཕུག་ལམ་ཅུས་དང་རྣམ་གྲངས་ཚོང་དོན་གན་རྒྱ་བཞག་པ་རེད།
         “སྨྱུང་གནས་སྲུང་བའི་ཟླ་བའི་ཉིན་བཅུའི་གྲོང”ནི་ཁེ་རོའི་སྲུང་སྐར་གྲོང་གི་གྲས་ཤིག་ཡིན། སྲིད་འཛིན་རྒྱལ་ས་གསར་པ་ཁེ་རོའི་ཤར་ངོས་སྤྱི་ལེ་45ཙམ་གྱི་སར་ཡོད་པ་དང་མིག་སྔར་འཛུགས་སྐྲུན་བྱེད་བཞིན་ཡོད། བསྐྲུན་ཟིན་རྗེས་ཁེ་རོ་དང་སྲིད་འཛིན་རྒྱལ་ས་གསར་པའི་དབར་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་གལ་ཆེན་དུ་འགྱུར་རྒྱུ་རེད། དེ་དང་ཆབས་ཅིག་རྣམ་གྲངས་དེ་འཛུགས་སྐྲུན་བྱས་པ་ལས་ཁེ་རོའི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ནུས་ལྡན་འགྲོ་རྒྱུ་དང་ཁེ་རོའི་སྲུང་སྐར་གྲོང་མང་པོའི་ཡུལ་མི་ཕྱིར་སྐྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་ནང་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་120ཟིན་པའི་ཕྱོགས་གཉིས་གློག་ཤུགས་ཅན་གྱི་ལྕགས་ལམ་དང་བབས་ཚུགས་11འཛུགས་སྐྲུན་བྱ་རྒྱུ་ཚུད་ཡོད། སྤྱིའི་རིང་ཚད་སྤྱི་ལེ་66ཙམ་ཟིན་པ་དང་གན་རྒྱའི་ནང་མ་དངུལ་ཨ་སྒོར་དུང་ཕྱུར་12.4ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།