འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གིས་ས་མཐོའི་དེང་རབས་ཅན་གྱི་ཞིང་ལས་ཚན་རྩལ་གླིང་
    བསྐྲུན་ནས་དབུལ་སྒྲོལ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། དཀར་མཛེས་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་ཆེད། རྫོང་དེས་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་རྨང་གཞིར་བརྟེན་ནས་ལྷོ་པ་ཤང་ལྷོ་པ་གྲོང་ཚོ་བཞི་པར་ས་མཐོའི་དེང་རབས་ཅན་གྱི་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་བསྐྲུན་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་བཏང་བ་རེད།
          དཀར་མཛེས་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ས་མཐོའི་དེང་རབས་ཅན་གྱི་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་གསར་པ་སྐྲུན་ཆེད། ཁུང་ས་ཞིང་གྲོང་མུའུ་1100བསྐྲུན་རྒྱུ་དང་། ཚ་ཁུལ་སྐྱེ་དངོས། འབྲི་ཏ་ས་འཛིན། ཁྱད་ལྡན་ཤིང་འབྲས་འདེབས་ཁུལ། ཞོག་ཁོག་ཐོན་མཐོ་ཕན་ཆེའི་འགག་སྒྲོལ་དཔེ་སྟོན་ཡུག་གཞི་གཅིག་ཅན་གྱི་གླིང་བཅས་བསྐྲུན་རྒྱུ། ནས་མུའུ་10000གྱི་ཐོན་མཐོའི་དཔེ་སྟོན་ཁུལ་དང་ལེ་དབར་བརྒྱ་ཡི་ནས་ཀྱི་བར་ཁྱམས་བསྐྲུན་རྒྱུ། མ་རྐང་ལམ་ལུགས་མཉམ་སྡེབ་འབྲོག་རའི་ཚོད་ལྟའི་ས་ཚིགས་2དང་གཟན་རྩྭའི་རྟེན་གཞི་1བསྐྲུན་རྒྱུ་བཅས་རེད་ཅེས་ངོ་སྤྲོད་བྱས་བྱུང་།
          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་གླིང་དེས་ཕན་ཆེའི་ཉི་འོད་དྲོད་ཁང་10དང་རིག་ནུས་དྲོད་ཁང་1བསྐྲུན་ཅིང་། “རིག་ནུས་དྲོད་ཁང་དུ་ཚ་ཁུལ་གྱི་སྐྱེ་དངོས་བཏབ་ནས་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་ཆབས་ཅིག ས་གནས་འདིའི་མང་ཚོགས་ཡུལ་སྐོར་ལྟ་སྐོར་དང་སོས་དལ་རོལ་རྩེད་ཐུབ་པ་བྱ་རྒྱུ་དེ་ཡིན། རྣམ་གྲངས་བསྐྲུན་རྗེས་ས་གནས་མང་ཚོགས་ཀྱི་ལས་ཞུགས་དང་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་དང་འབྲེལ་གྲོང་མི་དབུལ་པོའི་འཚོ་བའི་དཀའ་ངལ་ཡང་ཐག་གཅོད་ཐུབ་རྒྱུ་རེད”ཅེས་ཚེ་རིང་ཀུན་དགས་དེ་ལྟར་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།