འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་
    ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་
ཚོགས་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་འགོ་ཚུགས་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ་སྟོང་ཕྲག་དུ་མས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་གོམ་སྟབས་བརྟན་པོས་ལུས་རྩལ་ཐང་དུ་སྐྱོད་པ་དང་ཆབས་ཅིག་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་ལུས་རྩལ་དང་འཚོ་བར་བཅངས་པའི་ཁོང་ཚོའི་བརྩེ་སེམས་མཚོན་པར་བྱས།
         དུས་ཡུན་ཉིན་6གི་ལུས་རྩལ་འགྲན་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་རུ་ཁག་19ཡི་ལུས་རྩལ་པ་1656གིས་དཔའ་རྩལ་ངོམ་སྟོན་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། དྲག་རྩལ། གཉའ་རྩལ། ཐག་འཐེན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མདའ་འཕེན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྦེ་ག རྟ་རྩལ། གཡག་རྒྱུག་སོགས་རྣམ་གྲངས་ཆེ་བ་10དང་ཆུང་བ་53ཡོད། སྐབས་གོང་མ་དང་བསྡུར་ན་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་སྐྱེས་པའི་རྐང་རྩེད་སྤོ་ལོ་དང་བུད་མེད་ཀྱི་མདའ་འཕེན་གྱི་རྩལ་འགྲན་རྣམ་གྲངས་གཉིས་གསར་དུ་བསྣན་ཡོད།
    【1】  【2】  【3】
    ༄༅།།མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་
ཚོགས་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།