འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནག་ཆུར་རྟ་འགྲོས་མ་འགྲན་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ནག་ཆུར་རྟ་འགྲོས་མ་འགྲན་བསྡུར་བྱས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་དུ་2017ལོའི་བྱང་ཐང་དུ་གཏོང་བཞིན་པའི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ལ་རྟ་འགྲོས་མ་འགྲན་བསྡུར་བྱས་ཤིང་། ཧ་ལམ་ཅང་ཤེས་རྟ་མཆོག་146གིས་གེ་སར་རྟ་རྒྱུག་ར་བར་འགྲན་བསྡུར་བྱས་པ་རེད།
         རྟ་འགྲོས་མ་འགྲན་བསྡུར་ནི་བྱང་ཐང་རྩྭ་ཐང་གི་སྲོལ་རྒྱུན་གྱི་འགྲན་ཚན་ཞིག་རེད། རྟ་རྩལ་འགྲན་བསྡུར་གྱི་ཤན་འབྱེད་པ་ཤེས་རབ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་ནས་རྟ་འགྲོས་མ་འགྲན་བསྡུར་གྱི་འགྲོ་ལུགས་ཆེ་ཤོས་ནི"རྒྱུག་མི་ཆོག་པ"དང་། བརྡ་ཤ་གཅོད་པའི་ཚོད་གཞི་ནི"རྟ་འགྲོས་མའི་གོམ་འགྲོས་སྙོམས་ལ་མྱུར་ཞིང་རྟ་པའི་གཟུགས་པོ་རྩ་བ་ནས་དཀྲུག་མི་ཡོང་བ"དེ་ཡིན་པ་དང་། འགྲན་བསྡུར་འདི་ནི་རྟའི་རྒྱུན་སྲིང་གི་ཤེད་ཤུགས་དང་རྟ་པའི་རྟ་ཞོན་ལག་རྩལ་འགྲན་པ་ཞིག་ཡིན་ཞེས་བཤད་པ་རེད། 
         རྟ་རྩལ་འགྲན་བསྡུར་གྱི་ཤན་འབྱེད་ཚོགས་ཆུང་གི་ཚོགས་གཙོ་ཝུའུ་པིན་གྱིས་འགྲན་ཞུགས་པ་ཚོ་ཚོགས་ཆུང་8དུ་བགོས་ནས་ཚོགས་ཆུང་གི་གྲ་སྒྲིག་འགྲན་བསྡུར་བྱས་ནས་ཚོགས་ཆུང་རེར་འགྲན་འབྲས་དང་པོ་གཉིས་པ་ཐོབ་མཁན་རྟིང་རྩོད་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་དང་། རྟ་རྒྱུག་ར་བར་སྤྱི་ལེ་8རིང་འགྲོས་མ་འགྲན་བསྡུར་བྱ་རྒྱུ་རེད་ངོ་སྤྲོད་བྱས་པ་རེད།
         ད་ལོའི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་དུ་ནག་ཆུ་ས་ཁུལ་གྱི་རྟ་འགྲོས་མ་རྟ་མཆོག་མང་པོ་བཀུག་ཡོད་པས། རྟ་འགྲོས་མ་འགྲན་བསྡུར་ལ་ཞུགས་པའི་རྟ་མཆོག་146ཡོད་པ་དང་། མྱུར་ཚད་རྟ་རྒྱུག་འགྲན་བསྡུར་ཞུགས་པའི་རྟ་མཆོག་ཧ་ལམ་196ཡོད་པ་རེད། 
         ནག་ཆུ་རྫོང་ལ་ཁྱོན་བསྡོམས་མི་63འགྲན་བསྡུར་ལ་ཞུགས་ཡོད་པ་དང་། ཁོང་ཚོ་ནི་འགྲན་ཞུགས་མི་གྲངས་དང་རྟ་མཆོག་མང་ཤོས་ཀྱི་ས་ཁུལ་ཡིན་ཞིང་། རྫོང་དེའི་འགྲན་ཞུགས་པ་ཚེ་རྒྱལ་གྱིས་རྟ་འགྲོས་མ་འགྲན་བསྡུར་གྲ་སྒྲིག་ཉིན་9རིང་བྱས་པ་རེད།
         སྐབས་འདིའི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱི་བརྗོད་གཞི་གཙོ་བོ་ནི"བྱང་ཐང་གི་གླུ་གར། རྒྱས་འཛོམས་དགའ་བསུ"ཞེས་པ་རེད།
    【1】  【2】  【3】  【4】
    ༄༅།།བོད་ལྗོངས་ནག་ཆུར་རྟ་འགྲོས་མ་འགྲན་བསྡུར་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།