འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས"ཞེས་པའི་རིག་གནས་ཟླ་བའི་བྱེད་སྒོ་ནི་
    ཀྲེ་རི་ཡ་རུ་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས'ཞེས་པའི་རིག་གནས་ཟླ་བའི་བྱེད་སྒོ་ནི་
ཀྲེ་རི་ཡ་རུ་སྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་གསལ། "ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས"ཞེས་པའི་བོད་ཀྱི་རིག་གནས་ཟླ་བའི་བྱེད་སྒོ་ཨ་ཧྥེ་རི་ཁ་གླིང་གི་ནི་ཀྲེ་རི་ཡ་རུ་སྤེལ་བཞིན་ཡོད་པ་རེད།
         ནེ་ཀྲེ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་དང་། ཀྲུང་གོའི་རིག་གནས་ལྟེ་གནས་རྒྱ་ཡིག་འཛིན་གྲྭ ནི་ཀྲེ་ཡི་ཡར་བཅའ་སྡོད་མ་ལེ་ཞི་ཡའི་གཞུང་ཚབ་དོན་གཅོད་ཁང་། ནི་ཀྲེ་རི་ཡའི་སྒྱུ་རྩལ་ལས་རིགས་སོགས་ཀྱི་སྐུ་མགྲོན་བརྒྱ་ལྷག་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་རེད།
         བྱེད་སྒོ་སྤེལ་རིང་དུ། ནི་ཀྲི་རི་ཡ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་ཚན་ཙན་དང་ནི་ཀྲེ་རི་ཡ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཁུར་བའི་ལི་ཞུས་ཏ་ཡིས་གངས་ཅན་མཐོ་སྒང་ནས་ཡོང་བའི་ཐུན་མིན་མ་ཡིན་པའི་རིག་གནས་སྤེལ་རེས་དང་ཕན་ཚུན་སྐུལ་འདེད་རྣམ་གྲངས་དང་གསར་གཏོད་བྱེད་སེམས་ཆེན་པོ་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད། ཁོང་གིས་ཐེངས་འདིའི་བྱེད་སྒོ་ཡིས་ནི་ཀྲེ་རི་ཡའི་མི་དམངས་ལ་ཐག་ཉེ་ས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དགའ་སྤྲོའི་རྣམ་པ་མྱོང་ཚོར་བྱེད་དུ་བཅུག་པ་རེད་ཅེས་བསྟན་པ་རེད།
         "བོད་ཀྱི་རིག་གནས་ཟླ་བའི་བྱེད་སྒོ"ཞེས་པའི་ཚོགས་ཆུང་གསུམ་པའི་ཚོགས་གཙོ་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས། ཐེངས་འདིའི་བྱེད་སྒོར་ཁྱོན་བསྡོམས་བོད་ལྗོངས་རང་གིས་གསར་གཏོད་བྱས་པའི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་རིགས་50ལྷག་གི་ཐོན་རྫས་བརྒྱ་ལ་ཉེ་བ་འགྲེམས་སྟོན་བྱས་ཡོད་ཅིང་། བོད་ལྗོངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་པས་ད་དུང་ས་གནས་དེ་གའི་ལྟ་སྐོར་བ་གདན་འདྲེན་ཞུས་ནས་བོད་ཡིག་ཡིག་གཟུགས་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཤོག་བྱ་བཟོ་སྟངས། བོད་ཀྱི་འཁལ་འཐག བོད་ཀྱི་མིག་མངས་བཅས་དང་དེ་བཞིན་བོད་ཀྱི་ཤིང་བརྐོས་ཡིག་རིས་འདྲ་བཤུས་སོགས་ཀྱི་ལག་རྩལ་སྒྱུ་རྩལ་མྱོང་རོལ་དང་ཕན་ཚུན་སྤེལ་རེས་བྱས་པ་རེད། དེ་དང་དུས་མཚུངས་སུ་བྱེད་སྒོར་ཞུགས་པའི་སྐུ་མགྲོན་ཚོས་བོད་ལྗོངས་འཐུས་ཚབ་ཚོགས་པས་ཁྱེར་ཡོང་བའི་བོད་ཀྱི་བཟའ་བཏུང་གི་ཁྱད་ཆོས་ཟབ་པོ་ལྡན་པའི་ཇ་བསྲུབས་མ་དང་། ཇ་མངར་མོ། རྩམ་པའི་ཞལ་ཏོག་སོགས་རོལ་མྱོང་ཡང་བྱས་ཡོད་ཅེས་བཤད་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ནི་ཀྲེ་རི་ཡའི"བོད་ལྗོངས་རིག་གནས་ཟླ་བའི་བྱེད་སྒོ"ནི་ཟླ་8ཚེས་15ཉིན་མཇུག་བསྒྲིལ་རྒྱུ་ཡིན་པ་དང་། གཞན་ཡང་། "ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས"ཞེས་པ་སྐབས་དང་པོའི་བོད་ཀྱི་རིག་གནས་ཕྱི་ཕྱོགས་དྲིལ་བསྒྲགས་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ཟླ་བ་འདིའི་ཚེས་19ཉིན་ནས་ཚེས་27ཉིན་བར་ལྷ་སར་སྤེལ་རྒྱུ་རེད།
    ༄༅།།'ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས'ཞེས་པའི་རིག་གནས་ཟླ་བའི་བྱེད་སྒོ་ནི་
ཀྲེ་རི་ཡ་རུ་སྐྱོད་པ།
    ༄༅།།'ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས'ཞེས་པའི་རིག་གནས་ཟླ་བའི་བྱེད་སྒོ་ནི་
ཀྲེ་རི་ཡ་རུ་སྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།