འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་སྟོང་ལྷག་གིས་མཉམ་དུ་སྐོར་བྲོ་འཁྲབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་སྟོང་ལྷག་གིས་མཉམ་དུ་སྐོར་བྲོ་འཁྲབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་གྱི་དགོང་མོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་རྫོང་དུ་མི་སྟོང་ལྷག་གིས་མཉམ་དུ་སྐོར་བྲོ་ཆེན་པོ་འཁྲབ་པ་རེད། སྐོར་བྲོ་ནི་བོད་ཀྱི་དམངས་ཁྲོད་ཀྱི་ཞབས་བྲོ་ཞིག་ཡིན་པ་དང་། ཞབས་བྲོ་འཁྲབ་མཁན་ཚོའི་ལག་པའི་འཁྲབ་སྟངས་ལས་གར་ཉམས་གཙོ་བོ་མངོན་པ་དང་། ཞབས་བྲོའི་ཉམས་འགྱུར་བདེ་རྩལ་འཁྱུག་པོ་ལས་སེམས་ཀྱི་ཉམས་འགྱུར་ཡང་མཚོན་གྱི་ཡོད་ཅིང་། ཞབས་བྲོའི་ཉམས་འགྱུར་བདེ་ཞིང་རང་བཞིན་དུ་མངོན་ཞིང་། མཛེས་ཤིང་ཡིད་དུ་འོང་བ་ལས། བོད་རིགས་མི་དམངས་གཞུང་དྲང་བབ་ཆགས་དང་སེམས་བཟང་པོ་དང་། ལས་ལ་བརྩོན་ཞིང་རྟུལ་ཕོད་ཆེ་བ། སྤྲོ་སེམས་རྒྱས་པ་བཅས་ཡིན་པའི་མི་རིགས་ཀྱི་གཤིས་རྒྱུད་མངོན་པ་མ་ཟད། ད་དུང་རྒྱུག་མཆོང་འགྱུར་ལྡོག་གི་སྟངས་སྟབས་དང་ནུས་ཚད་ངེས་ཅན་ཡོད་ལ། ལུས་རྩལ་དང་ཞབས་བྲོ་སྦྱོང་བརྡར་བྱ་རྒྱུའི་རིན་ཐང་མངོན་གསལ་ཆེན་པོ་ལྡན་པ་རེད།
    ༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་སྟོང་ལྷག་གིས་མཉམ་དུ་སྐོར་བྲོ་འཁྲབ་པ།
    ༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་སྟོང་ལྷག་གིས་མཉམ་དུ་སྐོར་བྲོ་འཁྲབ་པ།
    ༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་སྟོང་ལྷག་གིས་མཉམ་དུ་སྐོར་བྲོ་འཁྲབ་པ།
      

    ཕྱོགས་བསྡུས་གསར་འགྱུར།