འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སི་ར་ལ་ཨོང་གི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་
    གྱི་རོགས་སྐྱོབ་ནང་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲའི་འཕྲིན། རྒྱལ་ས་ཧྥུ་རི་ཐོན་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་14ཉིན་གྱི་ཞོགས་པར་སི་ར་ལ་ཨོང་གི་རྒྱལ་ས་ཧྥུ་རི་ཐོན་དང་ཉེ་འཁོར་ས་ཁུལ་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཧ་ཅང་ཚབས་ཆེན་ཐོན་རྗེས། སི་ར་ལ་ཨོང་སྲིད་གཞུང་གི་རེ་ཞུ་ལྟར་ཀྲུང་གོ་ལྕགས་ལམ་ཅུས་བདུན་པ་དང་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཀྲུང་གོའི་མ་འཇོག་ཁེ་ལས་གཉིས་ཀྱིས་འཕྲལ་མར་མི་40ལྷག་ཙམ་ཟིན་པའི་རོགས་སྐྱོབ་རུ་ཁག་སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་རེད།
            ཀྲུང་གོ་ལྕགས་ལམ་ཅུས་བདུན་པའི་སི་ར་ལ་ཨོང་ས་ཁུལ་གྱི་ལས་མི་ཝང་པོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། གེགས་ཁུལ་དུ་བསྐྱོད་པའི་འགྲོ་ལམ་ཐོག་རླངས་འཁོར་སྣ་ཚོགས་དང་དམངས་ཚོགས་མང་པོ་ཡོད་པས་ལམ་འགག་པ་མ་ཟད་འདམ་རྫབ་ཀྱིས་ཁེངས་པར་བརྟེན་རླངས་འཁོར་རོགས་སྐྱོབ་བྱ་ཡུལ་དུ་མགྱོགས་མྱུར་བསྐྱོད་ཐབས་བྲལ་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བདུན་པའི་ས་ཁུལ་གྱི་ཅིང་ལི་ཙུང་ཆིང་ཝུའེ་ཡིས་རླངས་འཁོར་ནས་བབས་ཏེ་དྲག་ཆར་ལ་མ་འཛེམ་པར་རོགས་སྐྱོབ་མི་སྣ་འཁྲིད་ནས་རོགས་སྐྱོབ་བྱ་ཡུལ་དུ་བསྐྱོད་པ་རེད།
           ད་དུང་ཝང་པོ་ཡིས་རོགས་སྐྱོབ་བྱ་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་5འདུག ཡུལ་དེ་གའི་དམག་མི་དང་། ཉེན་རྟོག་པ། སྨན་དོན་པ་བཅས་ལས་གྲུབ་པའི་མི་100ལྷག་ཙམ་གྱི་རོགས་སྐྱོབ་དཔུང་ཁག་ཅིག་ཕུད། ཕྱི་ནས་ཡོང་བའི་རོགས་སྐྱོབ་མི་སྣ་ཚང་མ་ཀྲུང་གོ་ལྕགས་ལམ་ཅུས་བདུན་པ་དང་། ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི། རྒྱལ་སྤྱིའི་རྒྱ་གྲམ་དམར་རྟགས་ཚོགས་པ་སོགས་སྒྲིག་གཞི་ནས་རེད་འདུག་ཅེས་ངོ་སྤྲོད་བྱས།
           གནོད་འཚེ་ཐོན་རྗེས་སི་ར་ལ་ཨོང་ལ་རོགས་སྐྱོབ་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་དགུ་པས་ཀྱང་གེགས་ཁུལ་དུ་མི་སྣ་མངགས་ཡོད། ཡིན་ནའང་གེགས་ཁུལ་དུ་བསྐྱོད་པའི་འགྲོ་ལམ་རྡིབ་ཟིན་པས་སྨན་བཅོས་རུ་ཁག་གནས་སྐབས་དེར་བསྐྱོད་ཐབས་བྲལ་ཡོད། མིག་སྔར་སྨན་བཅོས་རུ་ཁག་གིས་ཡུལ་དེའི་སྨན་ཁང་དང་སི་ར་ལ་ཨོང་གི་འཕྲོད་བསྟེན་པུའུ་དང་རོགས་སྐྱོབ་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད།
           སི་ར་ལ་ཨོང་གི་རྒྱལ་ས་ཧྥུ་རི་ཐོན་གྲོང་ཁྱེར་དང་ཉེ་འཁོར་གྱི་ས་ཁུལ་དུ་ས་གནས་དེའི་དུས་ཚོད་ཚེས་14ཉིན་གྱི་ཞོགས་པར་ཆར་པ་ཆེན་པོ་བབས་པ་ལས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཏེ་ཁང་པ་མང་པོ་ཞིག་བསྣུབས་པ་དང་། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་300ལྷག་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།