འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འདམ་རའི་སྣོད་བཅུད་མངོན་གསལ་དོད་པོས་སླར་གསོ་བྱུང་བ། 

    མཚོ་སྔོན་པོར་འདབ་ཆགས་ཁྲི་སྟོང་མང་པོ་འདུས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7པའི་ཟླ་མཇུག་གི་མཚོ་སྔོན་པོའི་ཆུ་བྱ་སྐྱེ་འཕེལ་དུས་ཀྱི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་བསྡོམས་རྩིས་གསར་ཤོས་ལ་གཞིགས་ན། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཁྱོན་ཆུ་བྱ་རིགས་43དང་གྲངས་ཁྲི་5.1གནས་པ་ཤེས་རྟོགས་ཐུབ་པ་དེ་ན་ནིང་ལས་རིགས་3དང་གྲངས་1000ཙམ་མང་དུ་ཕྱིན་ནས་འདབ་ཆགས་ཁྲི་སྟོང་མང་པོ་མཉམ་འཛོམས་བྱེད་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཏེ་མཚོ་སྔོན་པོའི་འདམ་རའི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད་པ་རེད།
           2008ལོར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་16ཙམ་ཟིན་པ་དང་ལོ་བཅུའི་ནང་ཚུན་དུ། མཚོ་སྔོན་པོའི་འདམ་རའི་སྣོད་བཅུད་ཁོར་ཡུག་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སླར་གསོ་ཡོང་བའི་འཆར་གཞི་ཡོད་པ་རེད།
          བཅོས་སྒྲིག་རྣམ་གྲངས་ལག་ལེན་བསྟར་ཚུན། འདམ་རའི་རྒྱ་ཁྱོན་མུའུ་ཁྲི་1.35མང་དུ་ཕྱིན་པ་དང་ཚགས་དམ་པའི་སྔོ་ཁེབས་ཁྱབ་ཁུལ་ཁྱོན་མུའུ་2133བར་རྒྱ་ཆེར་ཕྱིན་ཡོད། དེ་དང་ཕྱོགས་མཚུངས་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེ་ས་དང་བ་ཚྭ་ཅན་དུ་འགྱུར་བའི་ས་ཁྱོན་མུའུ་3960ཉུང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།