འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོས་འདམ་ར་སྲུང་སྐྱོང་གི་བྱ་སྤྱོད་སྤེལ་བཞིན་ཡོད། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ང་ཚོས་འདམ་ར་སྲུང་སྐྱོང་གི་བྱ་སྤྱོད་སྤེལ་བཞིན་ཡོད།
          མི་དམངས་དྲ་བའི་འཕྲིན། དབྱར་ཁ་ལྷ་སའི་ལྷ་ཀླུ་འདམ་ར་ལྗང་ཐིང་ངེར་གནས། ལྕང་གསེབ་ཁྲོད་དུ་སྐྱོད་སྐབས་བྱིའུ་ཆུང་གསུང་སྒྲ་སྙན་པས་དབེན་པའི་གནས་སུ་སླེབས་པ་ལྟར་སྣང་།
          ཕྱི་དྲོའི་ཉི་ཟེར་རབ་ཏུ་འཕྲོ་ནའང་དང་བླངས་པ་ཚོས་ཁོར་ཡུག་སྲུང་སྐྱོང་ཆེད། རྔུལ་ཆུ་འདོན་ནས་ལམ་བར་གྱི་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ་མཛེས་སྡུག་ལྡན་པའི་འདམ་རའི་ཕྱོགས་སུ་བྱ་སྤྱོད་སྤེལ་བར་བསྐྱོད།
          སྟོད་གོས་དང་ཞྭ་མོ་གཅིག་པ་གྱོན་པའི་དང་བླངས་པ་ཚོས་རུ་སྟར་རིང་པོ་ཞིག་བསྒྲིགས་ནས་མིག་གིས་མཐོང་བའི་གད་སྙེགས་དག་གཙང་མ་བསྒྲུགས་ཏེ་ལྷ་ཀླུ་འདམ་རའི་ཁོར་ཡུག་ལ་སྲུང་སྐྱོང་བྱས། དང་བླངས་པ་ཕོ་གཞོན་ཚོས་ལག་ཏུ་དྲན་སྐུལ་བྱང་བུ་འཁྱེར་ནས་ལྕགས་དྲའི་འགྲམ་དུ་བཙུགས། དེ་དག་བཙུགས་དོན་ནི་མི་དེ་བས་མང་བས་འདམ་ར་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་པ་དང་མི་དེ་བས་མང་བས་འདམ་ར་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་ཆེད་ཡིན་པ་རེད།
          དང་བླངས་པ་དེ་ཚོ་ཕུད་ད་དུང་ལོ་ཆུང་བྱིས་པའི་དང་བླངས་པ་འགའ་ཞིག་ཡོད་པ་དང་ཁོང་ཚོའི་ནང་ལོ་ཆེ་ཤོས་ད་ལོ་ལོ་11རེད། གྲོགས་པོ་ཆུང་ཆུང་ཚོས་ལྷ་ཀླུ་འདམ་རའི་མཛེས་སྡུག་ཆེད་ལེགས་སྐྱེས་ཀྱང་ཕུལ་ཡོད། ཕ་ཞིག་གིས་རང་ཉིད་ཀྱི་ལོ་གཉིས་དང་ལོ་ཕྱེད་ལ་སླེབས་པའི་བུ་ཁྲིད་དེ་བྱེད་སྒོར་ཞུགས་པ་དང་བུས་ཀྱང་གད་སྙེགས་མང་པོ་བསྒྲུགས་ཡོད་པ་རེད། “ང་གད་སྙེགས་བསྒྲུགས་ནས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུར་དགའ་པོ་ཡོད”ཅེས་བུས་འགྲམ་དུ་ཡོད་པའི་ཨ་ཁུ་ལགས་དང་ཨ་ཅག་ལགས་ལ་དེ་ལྟར་བཤད།
         མི་གཅིག་གི་སྟོབས་ཤུགས་ཆུང་རུང་། ཚང་མ་མཐུན་སྒྲིལ་བྱས་ན་སྟོབས་ཤུགས་ཆེན་པོ་ཞིག་ཆགས་སྲིད་པས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཕན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ།
    ༄༅།།ང་ཚོས་འདམ་ར་སྲུང་སྐྱོང་གི་བྱ་སྤྱོད་སྤེལ་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།