འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་སི་ཐ་ནའི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་དུ་ཧའེ་ནན་གྱི་
    བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན“མཛེས་སྡུག་ལྡན་པའི་ཧའེ་ནན། བདེ་ཐང་ལྡན་པའི་གླིང་ཕྲན”ཞེས་བརྗོད་དོན་གཙོ་བོར་བྱེད་པའི་ཧའེ་ནན་གྱི་བྱེད་སྒོ་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནའི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་དུ་སྤེལ་འགོ་ཚུགས་པ་རེད།
          ཧའེ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཤུན་དང་། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཝང་ཅིན་ཀྲེན། ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ལིའུ་ཅང་ཕིང་། ཧ་སག་སི་ཐན་རིག་གནས་དང་ལུས་རྩལ་པུའི་ཡུལ་སྐོར་ཐོན་ལས་ཨུ་ལྷན་གྱི་ཀྲུའུ་ཞི་མུར་ཀྲ་མ་ཅིས་ཡེ་ཝ་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
          ཡུས་ཤུན་གྱིས་ཤིས་ཚིག་གསུང་སྐབས། ཧའེ་ནན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་བ་དང་། མ་འོངས་པའི་ལོ་ཤས་ནང་ཡུལ་སྐོར་ཐོན་ལས་དང་ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས། དེ་བཞིན་སྨན་བཅོས་བདེ་ཐང་ཐོན་ལས་སོགས་ཐོན་ལས་ཆེན་པོ་12གཙོ་གནད་ཐོག་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་དང་། ཁོང་གིས་ཧའེ་ནན་ཞིང་ཆེན་དང་ཧ་སག་སི་ཐན་གྱི་ཐོན་ལས་ཕན་ཚུན་གསབ་རེས་བྱེད་པར་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས།
         ཝང་ཅིན་ཀྲེན་གྱིས། ད་ཐེངས་ཀྱི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་གིས་སྲོལ་རྒྱུན་གྱི་ནུས་རྒྱུ་ཕྱོགས་སྒྱུར་དང་། ནུས་རྒྱུ་གསར་པ་གསར་སྤེལ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་བསམ་བློ་གསར་པ་དང་ལག་རྩལ་གསར་པ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་དེས་ཀྲུང་ཧ་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་འགྲེམས་སྟོན་ནང་ཞུགས་མཁན་རྒྱལ་ཁབ་གཞན་དག་གིས་ནུས་རྒྱུ་དང་། དཔལ་འབྱོར་ཉོ་ཚོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྗང་མདོག་གི་དར་གོས་ལམ་བུ་མཉམ་དུ་གཏོད་རྒྱུ་རེད་ཅེས་བཤད།
         མུར་ཀྲ་མ་ཅིས་ཡེ་ཝ་ཡིས་གསུང་བཤད་གནང་སྐབས། ཧའེ་ནན་གྱི་བྱེད་སྒོ་ལས་ངས་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་མཉམ་ལས་ཀྱི་མདུན་ལམ་ཡངས་པོ་སླར་ཡང་མཐོང་བྱུང་ཞེས་གསུངས་པ་དང་། ཁོང་གིས་ཧ་སག་སི་ཐན་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་བཟོ་བཅོས་དང་ཀྲུང་གོའི་ཡུལ་སྐོར་བའི་ཐོངས་མཆན་གྱི་བརྒྱུད་རིམ་དང་ས་ཁོངས་སྒྲོལ་བར་ཐོངས་མཆན་མི་དགོས་པའི་ལམ་ལུགས་ལེགས་སུ་གཏོང་བཞིན་ཡོད་པ་དེས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་རྒྱུ་ཡིན་ཞེས་གསུངས།
         འགོ་ཚུགས་མཛད་སྒོའི་ཐོག ཧའེ་ནན་ཞིང་ཆེན་ཉོ་ཚོང་སྐུལ་འདེད་ཨུ་ལྷན་གྱིས་ཁག་སོ་སོར་ཧ་སག་སི་ཐན་རྒྱལ་སྤྱིའི་ཉོ་ཚོང་ཚོང་ཚོགས་དང་ཧ་སག་སི་ཐན་ཀྲུང་གོའི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།