འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱིས“རྒྱལ་སྤྱིའི་གར་སྟེགས་ཆེན་པོའི་ཐོག་གི་ཀྲུང་གོ”ཞེས་པའི་བགྲོ་གླེང་
    ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་པར་ཙིར་གྱི་གྲགས་ཅན་ཇུས་འདོན་ཚོགས་པ་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་དཔལ་འབྱོར་སློབ་གླིང་གིས“རྒྱལ་སྤྱིའི་གར་སྟེགས་ཆེན་པོའི་ཐོག་གི་ཀྲུང་གོ”ཞེས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་གི་ཀྲུང་གོའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་བབ་དང་དེ་བཞིན་ཀྲུང་གོ་དང་པར་ཙིར་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་གྲོས་བསྡུར་བྱས་པ་རེད།
           ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུང་གོ་དང་པར་ཙིར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨའེ་དབན་ཏེ་ལུའོ·ཁ་ཝ་ལུའེ་ཀྲུང་གོར་ལོ་གསུམ་སློབ་སྦྱོང་བྱེད་མྱོང་བ་དང་། ཁོང་གིས་མིག་སྔར་པར་ཙིར་བའི་མིག་ནང་གི་ཀྲུང་གོ་དང་དོན་དངོས་ཀྱི་ཀྲུང་གོར་ཁྱད་པར་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས“ཀྲུང་གོར་སློབ་སྦྱོང་བྱས་པ་བརྒྱུད། ངས་ཀྲུང་གོའི‘ལོ་ལྔའི་འཆར་གཞི’དང‘ཚོགས་འདུ་གཉིས’ཀྱི་གནས་ཚུལ་མཐོང་བྱུང་ལ་ད་དུང་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐོག་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་མཛུབ་ཁྲིད་བྱས་པའང་མཐོང་བྱུང་། སྲིད་ཇུས་དེ་དག་གཏན་འཁེལ་བྱེད་པའི་ཐབས་ལམ་ནས་ཀྲུང་གོ་འཕེལ་རྒྱས་མགྱོགས་པར་བསམ་ཤེས་བྱེད་ཁག་པོ་མེད”ཅེས་བརྗོད་པ་རེད།
          ཁ་ཝ་ལུའེ་ཡིས་པར་ཙིར་དང་ཀྲུང་གོས་ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོ་དང་རྒྱལ་སྤྱིའི་ཁྱབ་ཁོངས་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་དགའ་ཚོར་ཆེན་པོའི་ངང་མཐོང་ཞིང་། ཁོང་གིས“པར་ཙིར་དང་ཀྲུང་གོ་ནི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་རེད། རྒྱལ་སྤྱིའི་ཐོག་པར་ཙིར་དང་ཀྲུང་གོས་འབོ་གསེར་ལམ་སྲོལ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་བཅས་ཚང་མའི་ནང་མཉམ་ལས་བྱས་ཡོད། ད་དུང་པར་ཙིར་ནི་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནང་ཞུགས་པའི་ཨ་མེ་རི་ཁ་གླིང་ལྷོ་མའི་རྒྱལ་ཁབ་གཅིག་པུ་དེ་ཡིན། ཀྲུང་གོས་དར་སྤེལ་གཏོང་བའི‘རྒྱུད་གཅིག་ལམ་གཅིག’དང‘འབོ་གསེར་+’ཚར་མར་པར་ཙིར་གྱི་རྒྱབ་སྐྱོར་ཐོབ་ཡོད”ཅེས་བརྗོད་པ་རེད།
          ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་དཔལ་འབྱོར་དང་དངུལ་རྩའི་སློབ་གླིང་གི་ཡོན་ཀྲང་ལུའུ་པུན་སིས་ཀྲུང་གོས་རང་ངོས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་རྒྱལ་སྤྱིའི་འགན་འཁྲི་ཧུར་ཐག་ཁུར་གྱི་ཡོད། དེ་ནི་མིག་སྔར་འགྲན་སློང་སྣ་ཚོགས་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཁོ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས“ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་གནད་དོན་ཐད་བར་འདུམ་མཁན་དང་ཞུགས་མཁན་གྱི་འགན་འཁྲི་ཁུར་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བའི་འགན་ལེན་དང་། འཛམ་གླིང་དེ་བས་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་ཆ་རྐྱེན་བསྐྲུན་ནས་འགན་འཁྲི་ཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་བཏོད་ཡོད”ཅེས་བརྗོད་པ་རེད།
           ལི་གཡོད་རེ་ནེ་ལུར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལི་དབྱང་གིས་གླེང་སྟེགས་ཐོག་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ཀྲུང་གོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱས་པ་དང་དུས་མཚུངས་རྒྱལ་སྤྱིའི་འགན་འཁྲི་ཡང་ཁུར་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།