འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་བོད་ལྗོངས་སུ་སྐྱ་འགྲིབ་ནད་པར་སྨན་
    བཅོས་བྱེད་དུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་ཐུང་རེན་སྨན་ཁང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་མང་པོ་ཞིག་བོད་ལྗོངས་སུ་སྐྱ་འགྲིབ་ཕོག་པའི་ནད་པར་གྲལ་བཤེར་དང་གཤགས་བཅོས་བྱེད་པར་སླེབས་ནས་མིག་ནད་གཤགས་བཅོས་60ལྷག་ཙམ་བྱས་པ་དང་འབྲེལ་མིག་ནད་ཚན་ཁག་གི་སྨན་པར་གསོ་སྦྱོང་བྱས་པ་རེད།
           ཐུང་རེན་སྨན་ཁང་མིག་ནད་ཚན་ཁག་སྐྱ་འགྲིབ་ལྟེ་གནས་ཀྱི་སྨན་པ་འབུམ་རམས་པ་གཞོན་པ་ཀྲང་ཧུང་ཡན་སོགས་རིགས་གཅིག་མཁས་ཅན་སྔ་རྗེས་སུ་གཞིས་རྩེ་དང་ལྷ་སར་བསྐྱོད་དེ་སྐྱ་འགྲིབ་དང་གཟུགས་འཛིན་དྲ་སྐྱི་ལུག་པ་སོགས་མིག་ནད་ལ་གཤགས་བཅོས་བྱས་པ་རེད། རིགས་གཅིག་མཁས་ཅན་གྱིས་གཞིས་རྩེར་ནད་པ་200ལྷག་ཙམ་ལ་གྲལ་བཤེར་བྱས་ནས་སྐྱ་འགྲིབ་ཕོག་པའི་ནད་པ་31ལ་རིན་མི་དགོས་པར་གཤགས་བཅོས་བྱས་པ་དང་ལྷ་སར་སྐྱ་འགྲིབ་གཤགས་བཅོས་16དང་ཤེལ་གཟུགས་གཟུགས་འཛིན་དྲ་སྐྱིའི་གཤགས་བཅོས་8བྱས་པ་རེད།
          “ས་མཐོར་གསོ་རླུང་མི་འདང་བ་དང་སྨུག་ཕྱིའི་འོད་ཟེར་ཆེ་བར་བརྟེན་བོད་ལྗོངས་སུ་མིག་ནད་ཕོག་མཁན་མང་པོ་ཡོད་པ་མ་ཟད། ལོ་ན་ཆུང་བའི་ནད་ཅན་ཡང་མང་པོ་ཡོད། སླད་ཕྱིན་མུ་མཐུད་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་བོད་ཀྱི་མིག་ནད་ཚན་ཁག་གི་སྨན་བཅོས་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན”ཞེས་ཀྲང་ཧུང་ཡན་གྱིས་བཤད།
          བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་པད་མ་དབྱང་སྒྲོན་གྱིས“ཐུང་རེན་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོས་ནད་པར་རིན་མི་དགོས་པར་གཤགས་བཅོས་24བྱས་ཡོད། ཁོང་ཚོར་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ཡོད་པས་ང་ཚོས་ཐུང་རེན་སྨན་ཁང་དང་མཉམ་ལས་མང་ཙམ་བྱས་ཏེ་ས་གནས་འདི་གའི་སྨན་དོན་མི་སྣར་རིམ་བཞིན་སྣེ་ཁྲིད་པ་དང་བོད་ལྗོངས་ཀྱི་མིག་ནད་ཚན་ཁག་གི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ནས་ནད་པ་བོད་ལྗོངས་ནས་ཕྱིར་བསྐྱོད་མི་དགོས་པར་སྔོན་ཐོན་གྱི་མིག་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།