འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ར་ལ་ཨོང་རྒྱལ་ཁབ་ཏུ་དྲག་ཆར་དང་ཆུ་ལོག འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་སྟེ་མི་500
    ལྷག་ཙམ་གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ར་ལ་ཨོང་རྒྱལ་ཁབ་ཏུ་དྲག་ཆར་དང་ཆུ་ལོག འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་སྟེ་མི་500
ལྷག་ཙམ་གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་གྱི་ཞོགས་པར། སི་ར་ལ་ཨོང་རྒྱལ་ཁབ་ཀྱི་རྒྱལ་ས་ཧྥུ་རི་ཐོན་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་དུ་དྲག་ཆར་བབས་པའི་དབང་གིས་ཆུ་ལོག་དང་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་ནས། ཉུང་མཐར་ཡང་མི་312གྲོངས་པ་རེད།
           སི་ར་ལ་ཨོང་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་གཏམ་བརྗོད་པ་ཕཱ་ཐི་རེ་ཁི་•མཱ་ས་ཁོ་དབྱི་ཡིས་ཟླ་8ཚེས་14ཉིན་ཧྥ་རན་སེའི་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་པ་ལྟར་ན། ད་ལྟ། མི་312གྲོངས་པ་གཏན་འཁེལ་བྱུང་ཡོད་ལ། བསྟུད་མར་མྱུར་སྐྱོབ་དང་འཚོལ་ཞིབ་ལས་དོན་སྤེལ་ཡོད་དེ། རྐྱེན་ལམ་དུ་ཤོར་མཁན་མི་གྲངས་ཕལ་ཆེར་མང་དུ་འགྲོ་ཉེན་ཡོད་པ་དང་། རྒྱ་གྲམ་དམར་པོ་ཚོགས་པས་བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། གནོད་འཚེའི་ཁྲོད་ཉུང་མཐར་ཡང་མི་3000ལྷག་ཙམ་ཁྱིམ་གཞིས་ཐོར་ཡོད་ལ། གནོད་འཚེ་བྱུང་བའི་མང་ཚོགས་མི་གྲངས་ད་དུང་འཕར་ཉེན་ཡོད་པ་རེད།
          འཇར་མན་གྱི་གསར་འགྱུར་ཁང་གིས་ཚེས་15ཉིན་སི་ར་ལ་ཨོང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཡིས་སྤེལ་བའི་གནས་འཕྲིན་དྲངས་ནས་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཕལ་ཆེར་500ཟིན་འདུག་ཅེས་བརྗོད་པ་རེད།
           སི་ར་ལ་ཨོང་རྒྱལ་ཁབ་ཀྱི་སྲིད་འཛིན་ཨོ་ནེ་སི་ཐེ་•པཱ་དབྱི་•ཁོ་ལུམ་གྱིས་ཚེས་14ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་གནང་སྟེ་ཧྥུ་རི་ཐོན་གྲོང་ཁྱེར་གྱིས་འཕྲལ་སྡོམ་ལྟེ་གནས་མང་པོ་ཞིག་བཙུགས་ཏེ་ཁྱིམ་གཞིས་མེད་པར་གྱུར་མཁན་ཚོར་རོགས་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། ད་ལྟ། སྲིད་གཞུང་གིས་དམག་དཔུང་དང་ཉེན་རྟོག་པ་མངགས་ཏེ་གེགས་ཁུལ་དུ་མྱུར་སྐྱོབ་ལས་དོན་སྤེལ་བ་རེད། གནམ་གཤིས་ངན་པ་དང་བགྲོད་ལམ་ཆད་ཡོད་པས། མྱུར་སྐྱོབ་ལས་དོན་སྤེལ་བར་འགག་རྐྱེན་བཟོས་ཡོད་པ་རེད།
           སི་ར་ལ་ཨོང་རྒྱལ་ཁབ་ཀྱི་ཆར་དུས་ནི་རྒྱུན་ལྡན་དུ་ཟླ་5པ་ནས་བསྟུད་མར་ཟླ་11པ་བར་ཡིན་པ་རེད། ཧྥུ་རི་ཐོན་གྲོང་ཁྱེར་དུ་སྡོད་དམངས་ཁྲི་120ཡོད་ལ། ལོ་རེའི་ཆར་དུས་སུ་ཆུ་ལོག་གི་གནོད་འཚེ་ཡོང་གི་ཡོད། 2015ལོར། ས་གནས་དེ་གར་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་10གྲོངས་པ་དང་། མང་ཚོགས་སྟོང་ཕྲག་ལྷག་ཙམ་ཁྱིམ་གཞིས་སྟོངས་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་གཞི་གྲངས་ལྟར་ན། སི་ར་ལ་ཨོང་རྒྱལ་ཁབ་ཀྱི་མང་ཚོགས་60%ཙམ་གྱི་འཚོ་བའི་ཆུ་ཚད་ནི་རྒྱལ་ཁབ་ཀྱི་དབུལ་ཕོངས་ཀྱི་ཚད་ཐིག་མན་དུ་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ 2016ལོའི་མིའི་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་བསྒྲགས་པའི་ནང་གསལ་བ་ལྟར་ན། སི་ར་ལ་ཨོང་རྒྱལ་ཁབ་ནི་འཛམ་གླིང་རྒྱལ་ཁབ་ཀྱི་ཨང་188པ་དང་ས་ཁུལ་གྱི་ཨང་179པ་ཡིན་པ་རེད། མིའི་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་ནི་ཆ་སྙོམས་ཀྱི་ཚེ་ཚད་དང་། སློབ་གསོའི་ཆུ་ཚད། ཡོང་འབབ་དངོས་སོགས་ཀྱི་ཕྱོགས་ནས་རྒྱལ་ཁབ་དང་ས་ཁུལ་མི་གཅིག་པའི་མིའི་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་དང་བསྟུན་ནས་ཚད་འཇལ་བྱེད་ཀྱི་ཡོད་པ་རེད།
    ༄༅།།སི་ར་ལ་ཨོང་རྒྱལ་ཁབ་ཏུ་དྲག་ཆར་དང་ཆུ་ལོག འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་སྟེ་མི་500
ལྷག་ཙམ་གྲོངས་པ།
    ༄༅།།སི་ར་ལ་ཨོང་རྒྱལ་ཁབ་ཏུ་དྲག་ཆར་དང་ཆུ་ལོག འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་སྟེ་མི་500
ལྷག་ཙམ་གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།