འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ལྷོ་མའི་ཚད་གཞི་ཅན་(ལྷ་ས)ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨེ་ཤེ་ཡ་ལྷོ་མའི་ཚད་གཞི་ཅན་(ལྷ་ས)ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་དབུ་བརྙེས་པ་དང་། དེ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱ་རྒྱུར་ལག་རྩལ་ཟམ་པ་ཞིག་བསྐྲུན་པ་རེད།
         བོད་རང་སྐྱོང་ལྗོངས་ནི་ཀྲུང་གོ་ཨེ་ཤེ་ཡ་ལྷོ་མར་ཁ་གཏད་དེ་སྒོ་འབྱེད་པའི་ལམ་བུ་གལ་ཆེན་ཞིག་ཡིན་པའི་ཆ་ནས"བྷང་ག་ལ་དང་ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་མཐུད་འབྲེལ་ས་རྒྱུད་ནར་རིང"དང"ཧི་མ་ལ་ཡ་སྐོར་བའི་དཔལ་འབྱོར་མཉམ་ལས་ས་རྒྱུད"ཀྱི་གནད་འགག་ཆེ་བའི་སྦྲེལ་ཚིགས་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཨེ་ཤེ་ཡ་ལྷོ་མའི་ཚད་གཞི་ཅན་(ལྷ་ས)ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ནང་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ་བོད་ལྗོངས་སུ་གཞི་རྐང་པ་འཛུགས་པ་དང་། ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པ། རྒྱལ་ཡོངས་སུ་ཞབས་ཞུ་བྱེད་པ་བཅས་ཀྱི་ཚད་ལྡན་ཅན་གྱི་ཕན་ཚུན་སྦྲེལ་མཐུད་བྱེད་པའི་མཉམ་ལས་འབྲེལ་བ་འཛུགས་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱི་འགོ་འཛིན་གཞོན་པ་ལིའུ་ཧུང་ཁྲུན་གྱིས་ཨེ་ཤེ་ཡ་ལྷོ་མའི་ཚད་གཞི་ཅན་(ལྷ་ས)ཞིབ་འཇུག་ལྟེ་གནས་ཀྱིས་ས་ཁོངས་ཚད་གཞི་ཅན་གྱི་བྱེད་སྒོ་དང་། ཆ་འཕྲིན་ཕན་ཚུན་བརྗེ་རེས། ཚད་གཞི་ཕན་ཚུན་ཁས་ལེན། ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།