འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཁྱགས་པ་མེ་འབར་ཚོད་ལྟའི་སྔོག་འདོན་ལས་དོན་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན་གྱི་ཆུ་ཚོད་བཅུ་པ་ཙམ་དུ་རང་རྒྱལ་གྱི་ལྷོ་རྒྱ་མཚོའི་ཧྲེན་ཧུའུ་མཚོ་ཁོངས་ཀྱི་རང་བྱུང་རླངས་ཆུའི་འདྲེས་སྦྱོར་དངོས་རྫས་ཚོད་ལྟའི་སྔོག་འདོན་ལས་གྲྭའི་མཚོ་ཐོག་ལས་སྒྲུབ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ནས་རང་རྒྱལ་གྱི་མཚོ་ཁོངས་རང་བྱུང་རླངས་ཆུའི་འདྲེས་སྦྱོར་དངོས་རྫས་ཚོད་ལྟའི་སྔོག་འདོན་ལས་དོན་ཐེངས་དང་པོ་དེ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ཞིང་། ཕྱི་དྲོར་ད་ཐེངས་ཀྱི་ཚོད་ལྟའི་སྔོག་འདོན་ལག་རྩལ་ཞབས་ཞུ་ལག་བསྟར་བྱེད་མཁན་གསོར་ཁྲོན་ལས་སྟེགས“ལན་ཅིང་ཨང་དང་པོ་རྟགས་ཅན”དེ་ཡན་ཐའེ་ཡི་གྲུ་ཁ་ཨ་མར་ཕྱིར་ལོག་བྱས་པ་རེད།
         གོམ་སྟབས་རྗེས་མར་ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ཀྱིས་རང་བྱུང་རླངས་ཆུའི་འདྲེས་སྦྱོར་དངོས་རྫས་ཐོན་ཁུངས་བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་བྱུང་རླངས་ཆུའི་འདྲེས་སྦྱོར་དངོས་རྫས་རྩད་ཞིབ་དང་སྔོག་འདོན་བྱེད་པའི་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།