འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་ཡན་ཆིང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲང་ཡན་ཆིང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོས་པ།
           མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་7ཚེས་28ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་ལྔ་པའི་ཐོག  ཀྲང་ཡན་ཆིང་(张延清)བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུའི་གྲོས་འཆམ་བྱུང་སྟེ་གྲོས་ཐག་བཅད་པ་རེད།
           བློ་མཐུན་ཀྲང་ཡན་ཆིང་གི་ལོ་རྒྱུས་མདོར་བསྡུས།
          ཀྲང་ཡན་ཆིང་། ཕོ། བོད་རིགས། 1964ལོའི་ཟླ་6པར་སྐྱེས(ལོ་53) ཀན་སུའུ་དཔའ་རིས་པ། 1990ལོའི་ཟླ་བ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1981ལོའི་ཟླ་བ་དང་པོར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
          1981.01—1984.04 ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་ནགས་ལས་ཅུས་གཞུང་ལས་ཁང་གི་འཕྲིན་སྐྱེལ་བ།
         1984.04—1985.08 ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་ནགས་ལས་ཅུས་སྤྱི་བདེ་ཀུའུ་ཡི་ནགས་ཚལ་ཉེན་རྟོག་པ།
         1985.08—1993.05 ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་པ་དང་། ནག་བཤེར་རུ་ཁག་གི་རུ་དཔོན་གཞོན་པ་དང་རུ་དཔོན།
         1993.05—1995.02 ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ།
        1995.02—1998.02 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རུ་ཆེན་གསུམ་པའི་ཁོའོ་རིམ་པ་གཞོན་པའི་མྱུལ་ཞིབ་པ།
         1998.02—1999.08 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རུ་ཆེན་དང་པོའི་རུ་དཔོན་རྒན་པ།
        1999.08—2002.05 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་དང་རྫོང་རིམ་པ་གཞོན་པའི་མྱུལ་ཞིབ་པ།
          2002.05—2005.03 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན།(1999.08—2002.06 ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་ཁྲིད་སློབ་གླིང་ཆེད་ཚན་འཛིན་གྲྭར་བཅའ་ཁྲིམས་ཆེད་ལས་སློབ་སྦྱོང་གནང་བ)
         2005.03—2006.05 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་། རྫོང་རིམ་པ་རྒན་པའི་མྱུལ་ཞིབ་པ།
         2006.05—2009.02 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་། རྫོང་རིམ་པ་རྒན་པའི་མྱུལ་ཞིབ་པ། (2006.03—2007.01 ཀྲུང་དབྱང་ཏང་གི་སློབ་གྲྭར་ལོ་གཅིག་ལམ་ལུགས་ཀྱི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་གནང་བ)
         2009.02—2012.01 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་།
         2012.01—2012.04 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི།
          2012.04—2012.10 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཨུད་ཀྱི་ཨུ་ཡོན།
         2012.10—2012.12 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཨུད་ཀྱི་ཨུ་ཡོན(ཐིང་རིམ་པ་རྒན་པ)
         2012.12—2013.01 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། (2007.03—2013.01 ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་ལས་སློབ་སྦྱོང་གནང་བ)
         2013.01—2016.06 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲེ་ཀྲང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།
         2016.06—2017.07 བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི།
         2017.07ནས་ད་བར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།