འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།"དུས་བྱ་ཆུང་ཆུང"གིས་དམག་མིའི་གུས་འདུད་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'དུས་བྱ་ཆུང་ཆུང'གིས་དམག་མིའི་གུས་འདུད་ཞུས་པ།
         མི་དམངས་དྲ་བའི་འཕྲིན། “དམག་གྲུ་དེ་འདྲའི་ཆེ་བ་ལ་ཨང་། ད་དུང་ཨ་ཁུ་མཚོ་དམག་ལགས་འདུག”ཟླ་7ཚེས་28ཉིན་གྱི་སྔ་དྲོ་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་ཧྭ་ཏུང་ཀུང་སིའི་འཐབ་ཕྱོགས་དང་པོའི་འཛུགས་སྐྲུན་པ་30དང་དེ་བཞིན་ཁོང་ཚོའི་བུ་ཕྲུག་ཧྲང་ཧའེ་ཡི་དམག་དོན་གྲུ་ཁ་ཞིག་ཏུ་བཞག་པའི་མཚོ་དམག་ཤར་རྒྱ་མཚོའི་དམག་གྲུའི་དཔུང་རུའི་དམག་གྲུའི་ཐོག་འཛེགས་ནས་མཚོ་དམག་གི་འཚོ་བ་མྱོང་རོལ་བྱས་པ་མ་ཟད། ད་དུང་དཔུང་སྡེའི་དཔོན་དམག་དང་མཉམ་དུ“བརྒྱད་གཅིག”དམག་བཙུགས་དུས་ཆེན་ལ་བསུ་བའང་ཞུས་པ་རེད།
         “དུས་བྱ་ཆུང་ཆུང་ཚོས”མཚོ་དམག་གི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དང་། དམག་གྲུའི་བཀོད་འདོམས་ལྟེ་གནས། དཔོན་དམག་གི་ཟ་ཁང་སོགས་ལ་ལྟ་སྐོར་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་ཐོག“དུས་བྱ་ཆུང་ཆུང”ཚོར་གསོན་ཉམས་དོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་ཚན་འཁྲིད་ནས་ཁོང་ཚོའི་ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་ཞིང་། འདི་ནི“དུས་བྱ་ཆུང་ཆུང་ཚོས”དཔུང་སྡེའི་དཔོན་དམག་དང་མཉམ་དུ་དམག་མིའི་གུས་འདུད་ཞུ་སྟངས་སྦྱོང་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།