འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་མེ་ཏོག་མཐུན་ཚོགས་ཀྱི་ལོ་ཚོགས་ཐོག་མ་ཀྲུང་གོར་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། གསར་འགོད་པར་ཀོང་ཀྲོའུ་གྲོང་ཁྱེར་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། “མེ་ཏོག་གིས་བརྒྱན་པའི་ཨོ་ལིམ་ཕིག”ཅེས་འབོད་པའི་འཛམ་གླིང་མེ་ཏོག་མཐུན་ཚོགས་ཀྱི་ལོ་ཚོགས་ཟླ་9ཚེས་16ནས་24ཉིན་བར་ཀོང་ཀྲོའུ་རུ་འཚོག་རྒྱུ་རེད། མཐུན་ཚོགས་དེ་བཙུགས་ནས་ལོ་34སོང་རིང་ཀྲུང་གོར་ལོ་ཚོགས་དེ་འཚོག་ཐེངས་དང་པོ་རེད།
         ལོ་ཚོགས་འཚོག་རིང་ཀོང་ཀྲོའུ་གྲོང་ཁྱེར་ནགས་ལས་དང་སྐྱེད་ཚལ་ཅུས་དང་ཀོང་ཏུང་མེ་ཏོག་རིག་གནས་སློབ་ཚོགས་ཀྱིས་ཀོང་ཏུང་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སློབ་ཚོགས་དང་མཉམ་དུ་2017ལོའི་ཀོང་ཀྲོའུ་རྒྱལ་སྤྱིའི་མེ་ཏོག་སྒྱུ་རྩལ་འགྲེམས་སྟོན་གཉེར་ནས་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་གྱི་མེ་ཏོག་དགེ་རྒན་ཆེ་མོ་བ་དང་མེ་ཏོག་ལ་དགའ་པོ་ཡོད་མཁན་ཚོ་གདན་དྲངས་ཏེ་སྟར་པ་400ལྷག་ཙམ་གྱི་མེ་ཏོག་འཆར་འགོད་བརྩམས་ཆོས་ཐུན་མོང་ཐོག་འགྲེམས་སྟོན་བྱ་རྒྱུ་དང་རྒྱལ་སྤྱིའི་མེ་ཏོག་རིག་གནས་སྤེལ་རེས་བྱེད་སྒོ་10ཙམ་སྒྲིག་འཛུགས་བྱ་རྒྱུ་རེད།
         གྲངས་གཞི་ཆེ་མོ་ལས་མངོན་དོན། མི་རྣམས་ཀྱི་རྣ་བར་འཇགས་པའི“མེ་ཏོག་གྲོང”ལ་རྒྱ་ཆེའི་གྲོང་མི་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོས་དགའ་ཤོས་བྱེད་ཀྱི་ཡོད། མིག་སྔར་ཀོང་ཀྲོའུ་ཡིས་དཔྱིད་ཀྱི་མེ་ཏོག་དང་། དབྱར་གྱི་འབྲས་བུ། སྟོན་གྱི་མཚན་མོ། དགུན་གྱི་བགྲང་བྱ་བཅས་དུས་ཚིགས་བཞིའི“མེ་ཏོག་གྲོང”གི་སྤུས་རྟགས་བཏོད་ནས་ཀོང་ཀྲོའུ་གྲོང་ཁྱེར་གྱི་མཚན་སྙན་དང་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་གི་ཡོད་པ་དང་། ཀོང་ཀྲོའུ་རུ་འཛམ་གླིང་མེ་ཏོག་མཐུན་ཚོགས་ཀྱི་ལོ་ཚོགས་འཚོག་རྒྱུ་ནི་གདམ་ག་ཡག་ཤོས་ཡིན་པས་མཚན་སྙན་གང་སར་ཁྱབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།