འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས"བརྒྱ། སྟོང་། ཁྲིའི་སྤུས་ཚད་སྟོབས་ཆེའི་ཁེ་ལས་ཀྱི་འདུ་འགོད"ལག་བསྟར་
    བྱེད་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན། ཤིན་ཅང་གིས“བརྒྱ། སྟོང་། ཁྲིའི་སྤུས་ཚད་སྟོབས་ཆེའི་ཁེ་ལས་ཀྱི་འདུ་འགོད”ཚེས་28ཉིན་ཝུའུ་ལུའུ་མུའུ་ཆིར་ལག་བསྟར་བྱེད་འགོ་བཙུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། འདུ་འགོད་དེ་ནི་ཤིན་ཅང་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཁྲོད་སྤུས་ཚད་དོ་དམ་གྱི་རྨང་གཞི་ལེགས་པའི་ཁེ་ལས་ཆེ་གྲས་དང་འབྲིང་གྲས་100བདམས་ཏེ་སྤུས་ཚད་ཀྱི་འདེགས་ཤིང་སྐྱེད་སྲིང་དང་གཏོད་རྒྱུ་དང་། སྤུས་ཚད་དོ་དམ་གྱི་རྨང་གཞི་ངེས་ཅན་ལྡན་པའི་ཁེ་ལས་འབྲིང་གྲས་དང་ཆུང་གྲས་ཀྱི་སྤུས་ཚད་དོ་དམ་ཆུ་ཚད་སྟེགས་བུར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་1000ལ་སྤུས་ཚད་ཤེས་མཁན་1རེ་གསོ་སྐྱོང་བརྩོན་ལེན་བྱ་རྒྱུ་བཅས་ལ་བརྗོད་ཀྱི་ཡོད།
         ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཀོང་ཕིང་གིས་ངོ་སྤྲོད་བྱས་པར། མིག་སྔར་ལྗོངས་ཡོངས་ཀྱི་སྤུས་ཚད་འཛུགས་སྐྱོང་དང་སྤུས་ཚད་ཀྱི་འཕེལ་རྒྱས་ཆུ་ཚད་སྔར་བཞིན་དམའ་ཙམ་ཡོད་པ་དེ་དར་རྒྱས་ཆེ་བའི་ས་ཁུལ་དང་ཧེ་བག་མངོན་གསལ་དོད་ཙམ་ཡོད། “ན་ནིང་རང་སྐྱོང་ལྗོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་སྤུས་ཚད་ཀྱི་ཚད་ལོན་ཚད་90%ཙམ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་ཐང་ལས་བརྒྱ་ཆའི་གྲངས་2ནས་3བར་དམའ་བ་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་འགྲན་རྩོད་ནུས་ཤུགས་ཀྱི་སྟོན་གྲངས་80.05ཟིན་ནས་རྒྱལ་ཡོངས་མིང་གྲལ་གྱི་རྗེས་ཙམ་ལ་གནས་ཡོད། ‘བརྒྱ། སྟོང་། ཁྲིའི་སྤུས་ཚད་སྟོབས་ཆེའི་ཁེ་ལས་ཀྱི་འདུ་འགོད’ལག་བསྟར་བྱ་རྒྱུ་ནི་མིག་སྔའི་སྤུས་ཚད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཤིག་རེད”
         “ཤིན་ཅང་གི་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་སྤུས་ཚད་དོ་དམ་གྱི་ད་ལྟའི་གནས་ཚུལ་དང་དེ་བཞིན་མཁོ་ཚུལ”གྱི་འདྲི་ཤོག་བརྟག་དཔྱད་འབྲས་བུར་གཞིགས་ན། ཁེ་ལས་75.3%ལ་སྲིད་གཞུང་སྡེ་ཚན་གྱི་སྤུས་ཚད་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཞབས་ཞུ་དགོས་ཀྱི་ཡོད་པ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྲིད་གཞུང་གིས་དམའ་རིམ་གྱི་སྤུས་ཚད་ཤེས་བྱའི་གསོ་སྦྱོང་བྱེད་པའི་སྡུར་གྲངས་96.7%ལས་མཐོ་བ་དགོས་གལ་ཆེན་པོ་ཡོད། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཁག་དང་པོར་ཤིན་ཅང་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་200ཡི་འཐུས་མིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི“སྤུས་ཚད་ཤེས་མཁན་ཁྲི”ཡི་གསོ་སྦྱོང་དང་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།