འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་ཚང་མ་རྒྱལ་ཁབ་ཀྱི་ཞིང་ཆེན་བརྒལ་བའི་
    ཡུལ་གཞན་དུ་སྨན་བཅོས་ཀྱི་འགྲོ་སོང་ཐད་ཀར་རྩིས་ཞུའི་ལས་སྟེགས་དང་འབྲེལ་མཐུད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་18ཉིན་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ཆ་འཕྲིན་མ་ལག་གི་ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་ཀྱི་ཐད་ཀར་རྩིས་ཞུའི་རིམ་སྤོར་སྒྱུར་བཀོད་ལས་དོན་ལེགས་སྒྲུབ་ཟིན་པ་དང་། མི་སྤྱི་པུའི་ཡུལ་གཞན་དུ་སྨན་བཅོས་མ་ལག་དབར་དུ་མཉམ་བཟོ་ཚོད་ལྟ་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་ཅིན་པའོ་འདུ་འགོད་དོ་དམ་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་འབྲེལ་མཐུད་བྱ་རྒྱུའི་རེ་ཞུ་བྱས་པ་དང་འབྲེལ། དངོས་སུ་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་ལས་སྟེགས་དང་འབྲེལ་མཐུད་བྱ་རྒྱུའི་ཆོག་མཆན་ཐོབ་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་16ཉིན་མཚོ་སྔོན་ཞིང་ཆེན་ཅིན་པའོ་འདུ་འགོད་དོ་དམ་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཅུས་ཀྱིས་མཉམ་འབྲེལ་ཐོག་མི་སྤྱི་པུའུ་ཆ་འཕྲིན་ལྟེ་གནས་དང་སྤྱི་ཚོགས་འགན་བཅོལ་ལྟེ་གནས་ལ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་དངོས་སུ་འབྲེལ་མཐུད་བྱ་རྒྱུའི་རེ་ཞུ་བསྐྱལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་དང་མཚོ་སྔོན་ཞིང་ཆེན་རིམ་པ་དེ་གའི་སྨན་བཅོས་འགན་བཅོལ་མ་ལག་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་དང་དངོས་སུ་འབྲེལ་མཐུད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རིམ་པ་དེ་གའི་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་ལས་བྲལ་ངལ་གསོ་བརྒྱབ་པའི་མི་སྣའི་ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་རྩིས་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་རེད། 2017ལོའི་ཟླ་6པར། མི་སྤྱི་པུའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། མཚོ་སྔོན་ཞིང་ཆེན་ཅིན་པའོ་གཞུང་ལས་ཁང་གིས་དྲ་སྦྲེལ་ཐུབ་པའི་ས་གནས་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ་དང་དུས་མཚུངས། གྲོང་ཁྱེར་དང་ཀྲོའུ་ཁག་གི་ལས་བཟོའི་སྨན་བཅོས་འགན་བཅོལ་ལས་སྒོའི་མ་ལག་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་དང་འབྲེལ་མཐུད་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། མཉེན་ཆས་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་ས་གནས་ཁག་གི་ལས་སྒོའི་མ་ལག་གི་མཐུད་ཁ་སྒྱུར་བཀོད་ནང་དོན་དང་ཚད་གཞི་གསལ་བཟོ་བྱས་ནས་《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་མཐུད་ཁའི་ཚད་གཞི་》སྒྲིག་བཟོ་བྱས་པ། གྲོང་ཁྱེར་དང་ཀྲོའུ་8ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ལས་སྒོའི་མ་ལག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་མ་ལག་ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་ལ་སྒྱུར་བཀོད་ལེགས་སྒྲུབ་ཟིན་པ། ཡུལ་དེར་འགན་བཅོལ་ནང་ཞུགས་ཡུལ་དང་སྨན་བཅོས་བྱ་ཡུལ་འདྲ་བཟོ་བྱས་པ་བརྒྱུད་ནང་ངོས་མཉམ་བཟོ་ཐུབ་པ། 2017ལོའི་ཟླ་7ཚེས་12ཉིན་མི་སྤྱི་པུའུ་ཆ་འཕྲིན་ལྟེ་གནས་ལ་གྲོང་ཁྱེར་དང་ཀྲོའུ་8ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ལས་སྒོའི་མ་ལག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ཆ་འཕྲིན་མ་ལག་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་དང་འབྲེལ་མཐུད་བྱེད་པའི་མཉམ་བཟོའི་ཚོད་ལྟ་བྱ་རྒྱུའི་རེ་ཞུའི་རེའུ་མིག་དངོས་སུ་བསྐྱལ་བ་དང་མཉམ་བཟོ་ཚོད་ལྟ་བྱ་རྒྱུའི་རེ་ཞུ་བྱས་པ་རེད།
          མིག་སྔའི་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་འདི་ག་དང་སྤྱི་འདོམས་ཁུལ་8ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ཆ་འཕྲིན་མ་ལག་ཚང་མ་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་དང་འབྲེལ་མཐུད་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།