འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་རྐང་འཁོར་བཞོན་མཁན་གྱིས་རྐང་འཁོར་གཏོང་བའི་ལམ་བུར་
    མུ་མཐའ་མེད་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྐང་འཁོར་བཞོན་པའི་གྱོན་ཆས་དཀར་པོ་གྱོན་པ་དང་མིག་ཤེལ་ནག་པོ་བཏགས་པའི་ཡན་ཞང་ཡུས་ལ་སློབ་གྲྭ་ཆེ་མོ་བའི་དམིགས་བསལ་གྱི་ཉམས་འགྱུར་ཞིག་ལྡན། ཟླ་7ཚེས་20ཉིན། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་ནས་མཚོ་སྔོན་པོའི་བྱང་འདབས་སུ་གནས་པའི་རྐང་ཚ་རྫོང་དུ་སླེབས་པ་དང་། ཡན་ཞང་ཡུས་དང་རུ་མི་ཚོས་འགྲན་ལམ་གྱི་འགྲམ་དུ་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་རུ་མི་ཚོར་མཐའ་མའི་གདོང་མཆོང་བྱེད་པའི་རྣམ་པར་རེ་སྒུག་བྱེད་བཞིན་ཡོད་པ་རེད།
           ལོ་18ལ་སླེབས་པའི་ཡན་ཞང་ཡུས་ནི་ནང་སོག་བཟོ་ལས་སློབ་ཆེན་གྱི“རྟ་པའི་རྐང་འཁོར་མཐུན་ཚོགས”ཀྱི་རྩ་འཛུགས་པུའི་པུའུ་ཀྲང་ཡིན་ལ། ཉིན་ཤས་གོང་ཁོང་དང་རུ་མི་10པོ་ནང་སོག་ཧུའུ་ཧོ་ཧའོ་ཐེ་ནས་ཐོན་ཏེ་མཚོ་བོད་ས་མཐོར་འབྱོར་ནས་རྐང་འཁོར་བཞོན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས་བ་རེད།
          ཁོང་གིས་མཚོ་སྔོན་པོ་ཧ་ཅང་མཛེས་པོ་འདུག ང་ཚོ་རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་མཁན་ཚོའི་ངོས་ནས་བརྗོད་ན་དེ་ག་ནི་རྐང་འཁོར་བཞོན་སའི་གནས་མཆོག་ཅིག་རེད་ཅེས་བཤད།
          ཧྥང་ཡ་ནན་ནི་ཡན་ཞང་ཡུས་ཀྱི་རོགས་པ་ཡིན་ལ་སློབ་གྲྭ་དེའི་ཁྲོམ་རའི་བྲིན་ཚོང་ཆེད་ལས་ཀྱི་ལོ་རིམ་གཉིས་པའི་སློབ་མ་ཞིག་རེད། ད་ཐེངས་ཀྱི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་བཞོན་མཁན་རུ་མིའི་ཁྲོད་བུ་མོ་མང་པོ་མེད་པའི་ངོས་ནས་ཧྥང་ཡ་ནན་གྱིས། རྐང་འཁོར་བཞོན་པའི་ལམ་བུར་གྲུབ་འབྲས་ནི་ནམ་ཡང་དཀའ་ངལ་ལས་ཆེ་ཅེས་བཤད།
         ཚེས་20ཉིན་གྱི་སྔ་དྲོར་རུ་མི་ཚོ་མཉམ་དུ་མཚོ་སྔོན་པོའི་འགྲམ་གྱི་རྟ་ནག་མ་ཤང་དུ་ཉི་ཤར་ལ་ལྟ་བར་སྐྱོད་པ་དང་། “ལམ་བར་གྱི་མཛེས་ལྗོངས་ནི་ང་ཚོ་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཤིག་ཡིན”ཞེས་ཧྥང་ཡ་ནན་གྱིས་བཤད།
          ལོ་20ལ་སླེབས་པའི་ཝུའུ་ཁྲའོ་ཧྲེང་ནི“རྟ་པའི་རྐང་འཁོར་མཐུན་ཚོགས”ཀྱི་ཚོགས་གཙོ་ཡིན་པ་དང་། ཁོང་གིས་རང་ཉིད་ཆུང་དུས་ནས་རྐང་འཁོར་ལུས་རྩལ་ལ་ལས་དབང་གཅིག་མཐུན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། “ཁྱེད་ཀྱིས་ངའི་མིང་འདོགས་ཚུལ་ལ་གཟིགས་དང་། གོ་དོན་ནི་རྒྱལ་ཁར་ཕྱོགས་ནས་མདུན་སྐྱོད་བྱེད་ཅེས་པར་ཟེར་གྱི་ཡོད”ཅེས་ཝུའུ་ཀྲའོ་ཧྲེང་གིས་དགོད་བཞིན་དུ་བཤད།
         ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “རྟ་པའི་རྐང་འཁོར་མཐུན་ཚོགས”དེ་2004ལོར་བཙུགས་པ་དང་རུ་མི་300ལྷག་ཙམ་ཡོད་ཅིང་། དུས་རྒྱུན་མཐུན་ཚོགས་ཀྱིས་རྩལ་ནུས་དང་སེམས་ཁམས་བྱང་ཚད་ཀྱི་སྦྱོང་བརྡར་བྱེད་ཀྱི་ཡོད།
          ངལ་གསོའི་དུས་ཚོད་ཐུང་ངུ་དང་དབྱར་གསེང་དང་དགུན་ཁའི་གུང་གསེང་གི་དུས་ཚོད་སྤྱད་དེ་རུ་མི་ཚོས་ཧྲའན་ཤིས་དང་། ནང་སོག ཧྥུའུ་ཅན། ཧའེ་ནན་སོགས་སུ་རླངས་འཁོར་བཞོན་ཏེ་སྐྱོད་ཀྱི་ཡོད་པ་དང་། མཐུན་ཚོགས་ཀྱི་འབོད་ཚིག “རྟ་དང་མཉམ་དུ་འཛམ་གླིང་སྐོར་བ་དང་བཞུད་པའི་ལམ་ལ་མུ་མཐའ་མེད”ཅེས་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།