འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མཁས་དབང་གིས་ཀྲུང་གོའི་འཇམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་ངོས་འཛིན་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན་ཨ་རིའི་ཅ་ཀྲོའུ་ལྷོ་མའི་སློབ་ཆེན་ཨ་ཀྲུང་སློབ་གླིང་གི་ཡོན་ཀྲང་ཏུའུ་ཁེ་ལུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོའི་འཇམ་ཤུགས་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ལ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བཏོན་པ་དེའི་ཕུགས་ལ་བལྟས་ན་ཀྲུང་གོའི་འཇམ་ཤུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད”ཅེས་བརྗོད་བྱུང་།
          ཏུའུ་ཁེ་ལུའེ་ཡིས་ཀྲུང་གོས་ད་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་གསར་པ་འཛུགས་རྒྱུའི་གྲོས་འགོ་བཏོན་པའི་ནང་ཧུར་ཐག་ཞུགས་པ་བརྒྱུད་འཛམ་གླིང་དང་དེ་བས་འབྲེལ་བ་ཟབ་མོ་འཛུགས་བཞིན་ཡོད་པས་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།
           ཏུའུ་ཁེ་ལུའེ་ཡིས་ཀྲུང་གོའི་འཇམ་ཤུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་དེ་ལོ་འདི་དག་རིང་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་བ་དམ་ཟབ་ཡོད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གཅིག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་རོགས་རམ་བྱས་ནས་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དེས་ཀྲུང་གོའི་འཇམ་ཤུགས་ཆེ་རུ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།