འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཅིབ་སྲིད་གཞུང་དང་ཀྲུང་གོའི་ཁེ་ལས་དབར་ལ་ཁེ་རོའི་ཡང་བའི་ལྕགས་ལམ་རྣམ་གྲངས་
    བསྐྲུན་རྒྱུའི་ཐད་ཐུན་མོང་ངོས་འཛིན་རགས་ཙམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤི་ཡིས་ཁེ་རོར་ཚོགས་འདུ་འཚོགས་ཤིང་། ཨེ་ཅིབ་སྲིད་གཞུང་དང་ཀྲུང་གོའི་ཁེ་ལས་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཁེ་རོ་གྲོང་ཁྱེར་དུ་ཡང་བའི་ལྕགས་ལམ་རྣམ་གྲངས་བསྐྲུན་རྒྱུའི་ཐད་ཨེ་ཅིབ་ཀྱི་དཔོན་རིགས་དང་ཀྲུང་གོའི་ཁེ་ལས་ཀྱི་འཐུས་མིའི་དབར་ལ་ཐུན་མོང་ངོས་འཛིན་རགས་ཙམ་བྱུང་བ་རེད།
            ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་གཉེར་ཁྲུས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རྣམ་གྲངས་དེ་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་དང་ཀྲུང་གོའི་ཀྲུང་གོ་ལྕགས་ལམ་ཅུས་ཀྱི་ཐུན་མོང་ཐོག་སྐྲུན་འགན་འཁུར་རྒྱུ་དང་ཚོགས་ཞུགས་ཨེ་ཅིབ་སྲིད་གཞུང་གི་དཔོན་རིགས་དང་ཀྲུང་གོའི་ཁེ་ལས་ཀྱི་འཐུས་མིའི་དབར་ལ་ཐུན་མོང་ངོས་འཛིན་རགས་ཙམ་བྱུང་མོད། འོན་ཏེ་མཐའ་མཇུག་གི་གན་རྒྱ་འཇོག་ཆེད་ད་དུང་གྲོས་མོལ་དེ་བས་མང་བ་བྱེད་དགོས་ཀྱི་ཡོད་ཅེས་བཤད་པ་རེད།
           ཨེ་ཅིབ་ཙུང་ཐུང་ལས་ཤག་གི་མགྲིན་ཚབ་པ་ཨཱ་ལ·ཡའུ་སུའུ་ཧྥུ་ཡིས་དེ་ཉིན་ཨེ་ཅིབ་ཀྱི་འགྲིམ་འགྲུལ་པུའུ་ཀྲང་ཤིས་ཧྲ་མུའུ·ཨཱ་ལ་ཧྥ་ཐེའང་ཡང་བའི་ལྕགས་ལམ་རྣམ་གྲངས་བསྐྲུན་རྒྱུའི་སྐོར་གྱི་གྲོས་མོལ་ནང་ཞུགས་ཡོད་ཅེས་གསལ་བསྒྲགས་བྱས་པ་རེད། རྣམ་གྲངས་དེ་ནི་ཨེ་ཅིབ་འགྲིམ་འགྲུལ་པུས་ལྕགས་ལམ་དྲ་རྒྱའི་འཆར་གཞི་འཕེལ་རྒྱས་གཏོང་བའི་ཆ་ཤས་ཤིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།