འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་200ཡི་རང་མོས་ཆུ་རྐྱལ་
    འགྲན་བསྡུར་ཁྲོད་སུན་དབྱང་གིས་གསེར་གྱི་གཟེངས་རྟགས་ཐོག་མ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་200ཡི་རང་མོས་ཆུ་རྐྱལ་
འགྲན་བསྡུར་ཁྲོད་སུན་དབྱང་གིས་གསེར་གྱི་གཟེངས་རྟགས་ཐོག་མ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་ཀྲུང་གོའི་འགྲན་ཞུགས་པ་སུན་དབྱང་(孙杨)གིས་2017ལོའི་རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་གྱི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་200ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད། འདི་ནི་སུན་དབྱང་གིས་ཐེངས་དང་པོར་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་འགྲན་ཚན་འདིའི་གསེར་གྱི་གཟེངས་རྟགས་ཐེངས་དང་པོ་བླངས་པ་ཡིན་ལ། དེ་ཡང་ཁོང་གི་སྨི་400ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་བྱས་རྗེས་སྐབས་འདིའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་ཁྲོད་གསེར་གྱི་གཟེངས་རྟགས་གཉིས་པ་བླངས་པའང་རེད། 
         སུན་དབྱང་གིས་འདིའི་སྔོན་དུ་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྨི་400དང་། སྨི་800 སྨི་1500བཅས་ཀྱི་རང་མོས་ཆུ་རྐྱལ་འགྲན་ཚན་གྱི་ཨང་དང་པོ་བླངས་མྱོང་བ་དང་། ལོ་གཉིས་སྔོན་གྱི་ཁཱ་ཧྲན་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་ཁྲོད་སྨི་200ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་གྱི་ཨང་གཉིས་པ་བླངས་པ་མ་ཟད། ལི་གཡོད་ཨའོ་རྩལ་འགྲན་བསྡུར་ཁྲོད་འགྲན་ཚན་འདིའི་གསེར་གྱི་གཟེངས་རྟགས་ཀྱང་བླངས་པ་རེད།
         ཐེངས་འདིའི་འགྲན་བསྡུར་ལ་སྔོན་གྱི་སྨི་100འགྲན་རྗེས་ཨང་དྲུག་པ་ཡིན་པའི་སུན་དབྱང་གིས་ཤུགས་བསྒྲིམས་ནས་མཐའ་མཇུག་ཏུ་སྐར་མ་1དང་སྐར་ཆ་44སྐར་ཆུང་39ཡི་མཇུག་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད།
         ཨ་རིའི་འགྲན་ཞུགས་པ་ཧ་ས་སི་དང་ཨུ་རུ་སུའི་འགྲན་ཞུགས་པ་ཁེ་ལཱ་སི་ནེ་ཧོ་སོ་སོས་ཨང་གཉིས་པ་དང་ཨང་གསུམ་པ་བླངས་ཡོད་པ་རེད།
    ༄༅།།འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་200ཡི་རང་མོས་ཆུ་རྐྱལ་
འགྲན་བསྡུར་ཁྲོད་སུན་དབྱང་གིས་གསེར་གྱི་གཟེངས་རྟགས་ཐོག་མ་བླངས་པ།
    ༄༅།།འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་200ཡི་རང་མོས་ཆུ་རྐྱལ་
འགྲན་བསྡུར་ཁྲོད་སུན་དབྱང་གིས་གསེར་གྱི་གཟེངས་རྟགས་ཐོག་མ་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།