འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད"ཅེས་པའི་བྱེད་སྒོ་
    ལོན་ཏོན་དུ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད”ཅེས་པའི་རིམ་སྤེལ་བྱེད་སྒོ་ཟླ་7ཚེས་20ཉིན་ལོན་ཏོན་དངུལ་རྩའི་གྲོང་ཁྱེར་གྱི་ཉ་གཟུགས་མཛེས་མ་ཟློས་གར་ཁང་དུ་འགོ་ཚུགས་པ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལུའུ་ཝུའེ་དང་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཞའོ་མིང་དང་དེ་བཞིན་ལས་རིགས་ཁག་གི་མི་སྣ་600ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
           ལུའུ་ཝུའེ་ཡིས་ཤིས་ཚིག་གསུང་སྐབས་ཀྲུང་དབྱིན་རྒྱལ་ཁབ་གཉིས་ནི་ཤར་ནུབ་རྒྱུད་ཀྱི་ཤེས་དཔལ་གྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལོ་བརྒྱ་ཕྲག་རྒྱུན་མཐུད་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དར་གོས་ལམ་བུའི་ལྟེ་བའི་ཁུལ་དུ་གནས་པ་དང་གནའ་སྔ་མོ་ནས་བཟུང་ཤར་ནུབ་འབྲེལ་མཐུད་བྱེད་པའི་སྐམ་ས་ཆེ་མོའི་སྦྲེལ་ཟམ་ཡིན་པ་དང་ཤེས་དཔལ་མི་འདྲ་བ་དེ་གར་གཅིག་ཏུ་འདུས་པ་དང་མཉམ་འདྲེས་ཐུབ་པ་དང་། མི་རིགས་མང་དག་ཅིག་དེ་གར་འདུས་སྡོད་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་སྒྱུ་རྩལ་བཏོད་ཡོད་ཅེས་བརྗོད།
          ལིའུ་ཞའོ་མིང་གིས་ཤིས་ཚིག་གསུང་སྐབས་ཀྲུང་གོའི་ས་ཁོངས་རྒྱ་ཆེ་བས་ཤར་ནུབ་ཧེ་བག་ཧ་ཅང་ཆེན་པོ་ཡོད། དབྱིན་ཇིའི་གྲོགས་པོ་མི་ཉུང་བ་ཞིག་ཀྲུང་གོའི་ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་ཞིང་ཆེན་དུ་སྐྱོད་མྱོང་ཡོད་པས་ཤར་རྒྱུད་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་ཀྲུང་གོའི་ནུབ་རྒྱུད་ལ་རྒྱུས་མངའ་དེ་ཙམ་མེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་ནི་ཀྲུང་ཧྭ་ཡི་ཤེས་དཔལ་གྱི་མཆོག་ནོར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོའི་ནུབ་རྒྱུད་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད། ད་རེས་ཀྱི“ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད”ཅེས་པའི་བྱེད་སྒོ་དབྱིན་ཇིའི་ལོན་ཏོན་དུ་གཉེར་བ་དེས་ཀྲུང་དབྱིན་འབྲེལ་བའི“དུས་རབས་ཡག་ཤོས”ལ་གཟི་བརྗིད་བསྣན་པ་དང་། “རྒྱུད་གཅིག་ལམ་གཅིག”གི་དམངས་སེམས་གཅིག་མཐུན་ཐུབ་རྒྱུར་སྟོབས་ཤུགས་བསྣན་པ། ཤར་ནུབ་ཀྱི་ཤེས་དཔལ་སྤེལ་རེས་ཀྱི་ཕན་ཚུན་དཔྱད་གཞིར་འཛིན་པའི་ནང་དོན་རྒྱ་ཆེར་བཏང་བ་ཞིག་རེད། ང་ཚོས་དབྱིན་ཇིའི་ལས་རིགས་ཁག་གི་མི་སྣ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་གཏན་འཁེལ་བྱས་པའི་ཀྲུང་དབྱིན་འབྲེལ་བའི“དུས་རབས་ཡག་ཤོས”ཀྱི་ཁ་ཕྱོགས་ཆེན་པོ་གཞིར་བཟུང་། སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཐོབ་ཚད་ཆེ་རུ་བཏང་ནས་ཀྲུང་དབྱིན་འབྲེལ་བར་སྐུལ་མ་གཏིང་ཟབ་བཏང་སྟེ“གྲུབ་འབྲས་ཡག་ཤོས”ཟམ་མི་ཆད་པར་ཐོབ་པ་བྱེད་འདོད་ཡོད་ཅེས་བརྗོད།
          འགོ་འཛུགས་མཛད་སྒོ་མཇུག་འགྲིལ་རྗེས་ལས་རིགས་ཁག་གི་མི་སྣས“མཚར་སྡུག་རྣམ་པར་བཀྲ་བའི་ནུབ་རྒྱུད”ཅེས་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་པར་རིས་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་སྦྲགས“ཕུགས་བསམ་དོན་གཉེར”གྱི་ཀྲུང་གོའི་ནུབ་རྒྱུད་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་ལའང་བལྟས་པ་རེད། ཡུན་ནན་ཞིང་ཆེན་གླུ་གར་ཚོགས་པའི་ན་གཞོན་སྒྱུ་རྩལ་མཁས་ཅན་ཚོས་རྩེར་སོན་གྱི་འཁྲབ་རྩལ་ལ་བརྟེན་ནས་བོད་རིགས་དང་། མེའོ་རིགས། དབྱིས་རིགས་སོགས་ཀྱི་མང་ཚོགས་ཀྱི་འཚོ་བ་དང་ངལ་རྩོལ་གྱི་རྣམ་པ་གསོན་ཉམས་དོད་པོས་མངོན་པ་བྱས་པར་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད།
          “ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད”ཅེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཕྱི་ཕྱོགས་སུ་ཀྲུང་གོའི་རིག་གནས་བརྒྱུད་བསྒྲགས་བྱེད་ཆེད་བཏོད་པའི་སྤུས་རྟགས་ཤིག་ཡིན་པ་དང་ད་རེས་ཀྱི་བྱེད་སྒོ་དེ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པས་ཟླ་7ཚེས་20ནས་25ཉིན་བར་དབྱིན་ཇིའི་ལོན་ཏོན་དང་། ཨའེ་ཏིང་པའོ། མན་ཁྲེ་སི་ཐེ་བཅས་གྲོང་ཁྱེར་གསུམ་དུ་གླུ་གར་འཁྲབ་སྟོན་དང་། དཔེ་དེབ་དང་པར་རིས་འགྲེམས་སྟོན། གློག་བརྙན་སྟོན་པ། རིགས་གཅིག་མཁས་ཅན་གྱི་སྤེལ་རེས་སོགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།