འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་སྒར་ས་ཆེ་མོའི་རྐང་ཐང་འདུ་ཚོཌ་ཟླ་7པའི་ཟླ་མཇུག་ཏུ་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ས་བབ་སྨི་5200ཡོད་པའི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོས་ཟླ་7ཚེས་29ཉིན་སྐབས་གཉིས་པའི་རྐང་ཐང་འདུ་ཚོགས་འཚོག་རྒྱུ་ཡིན་པ་དང་། དེ་ནི་མིག་སྔར་རང་རྒྱལ་གྱི་ས་བབ་ཆེས་མཐོ་ཤོས་ཀྱི་རྐང་ཐང་མར་སྐྱོད་པའི་འདུ་ཚོགས་ཡིན་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། “2017ལོའི་སྐབས་གཉིས་པའི་རྐང་ཐང་མར་རི་བོ་ཧི་མ་ལ་ཡ་བརྒལ་བའི་(ཇོ་མོ་གླང་མའི་ས་ཚིགས)བྱེད་སྒོ”དེ་ཟླ་7ཚེས་29ཉིན་ནས་ཟླ་8ཚེས་5ཉིན་བར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་འཚོག་རྒྱུ་ཡིན་པ་རེད། སྐབས་དེར་རྐང་ཐང་མར་བསྐྱོད་རྒྱུར་དགའ་བ་དང་། ས་གནས་དེ་གའི་མང་ཚོགས། འབྲེལ་ཡོད་ལས་དོན་མི་སྣ་སོགས་མི་70ལྷག་ཙམ་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་བར་བརྒལ་སྒར་སའི་(ས་བབ་སྨི་5400)བར་ས་མཐོའི་དམིགས་བསལ་རྐང་ཐང་མར་བསྐྱོད་རྒྱུ་རེད།
           ད་རེས་ཀྱི་རྐང་ཐང་འདུ་ཚོགས་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་དང་དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་སོགས་ཀྱིས་གཉེར་འགན་འཁུར་བ། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་དང་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སི་སོགས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད།
            རྐང་ཐང་མར་སྐྱོད་པའི་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱ་ཆེད། གཉེར་འགན་འཁུར་མཁན་ཕྱོགས་ཀྱིས་ཆེད་ལས་ཕྱི་རོལ་རུ་སྣེ་ཁྲིད་མཁན་6དང་། ཕྱོགས་སྟོན་དང་མཉམ་སྒྲུབ་པ་10 ཁལ་མའི་ལས་དོན་པ་20ལྷག་ཙམ་བཅས་བཀོད་སྒྲིག་བྱས་པ་མ་ཟད། རུ་ཁག་དང་མཉམ་དུ་སྐྱོད་མཁན་སྨན་པ་ཡོད་ལ། དབྱང་རླུང་དང་རྒྱུན་གཏན་གྱི་སྨན་རྫས། དེ་བཞིན་སྤྱི་པའི་དངོས་ཟོག་སྣ་ཚོགས་ཀྱང་འཁྱེར་ཡོད་པ་རེད། དེ་དང་ཆབས་ཅིག་འདི་ལོ་ད་དུང་ཆེད་ལས་ཀྱི་རི་མཐོའི་མ་བྱན་ཚོགས་པ་གདན་དྲངས་ཏེ་རྐང་ཐང་འདུ་ཚོགས་རིང་གི་བཟའ་བཏུང་གི་འགན་འཁུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།