འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ལེ་སི་ཐན་ཕྱོགས་ཀྱིས"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་ནང་ཞུགས་རྒྱུའི་རེ་བ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཕ་ལེ་སི་ཐན་གྱི་ཙུང་ཐུང་མ་ཧ་མའོ་ཏེ·ཨ་པ་སིས་ཟླ་7ཚེས་17ནས་20ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཨ་པ་སིས་ཀྲུང་གོར་འཚམས་འདྲི་གནང་སྐབས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་གནང་ནས་ཕ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་དང་མཉམ་དུ་ཇི་ལྟར་བྱས་ཏེ་དཔལ་འབྱོར་དང་རིག་གནས་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གྲོས་བསྡུར་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
           དེ་ནི་ལོ་དགུང་ལོ་82ལ་ཕེབས་པའི་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཨ་པ་སིས་ཀྲུང་གོར་འཚམས་འདྲི་གནང་ཐེངས་བཞི་པ་ཡིན་པ་དང་། ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཁོང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་འདི་ལོའི་ཟླ་5པར་ཀྲུང་གོས་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནང་བཏོན་པའི“རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས ‘རྒྱུད་གཅིག་ལམ་གཅིག’མཉམ་དུ་བསྐྲུན་ཏེ་གཉིས་ཁེའི་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི”བརྗོད་དོན་གཙོ་བོ་དེར། ཕ་ལེ་སི་ཐན་ཕྱོགས་ཀྱིས་དེའི་ཐད་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
           ཨ་པ་སིས“ཀྲུང་གོ་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་དམིགས་བསལ་དོན་སྙིང་ལྡན་པའི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཕ་ལེ་སི་ཐན་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོར་རྒྱལ་སྤྱི་དང་ས་ཁུལ་གྱི་གར་སྟེགས་ཐོག་ཧ་ཅང་གལ་འགངས་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ལྡན་ཡོད་ལ་རྒྱལ་ཕམ་ལ་ཐུག་པའི་ནུས་པ་འདོན་སྤེལ་བྱས་པ་དེས་འཛམ་གླིང་དབུས་ཤར་ས་ཁུལ་བདེ་འཇགས་བརྟན་ལྷིང་ཡོང་བ་དང་ཆབ་སྲིད་ཀྱི་འཕེལ་རིམ་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་གསུངས་པ་རེད།
           “ཕ་ལེ་སི་ཐན་ཕྱོགས་ཀྱིས་ད་ཐེངས་ཀྱི་འཚམས་འདྲིའི་གོ་སྐབས་སྤྱད་དེ་ཀྲུང་གོའི་འགོ་ཁྲིད་དང་མཉམ་དུ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ཀྱི་འཕེལ་ཕྱོགས་གསར་པར་གཟིགས་ཚུལ་བརྗེ་རེས་བྱས་ནས་འཇིགས་སྐུལ་དང་གཏུམ་སྤྱོད་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་བྱ་ཐབས་ལ་མཉམ་དུ་གྲོས་མོལ་བྱེད་རྒྱུའི་རེ་བ་ཡོད། ཕ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཞི་བདེ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན”ཞེས་ཨ་པ་སིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།