འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ལ་ཕིང་ཨན་ཆུས་ཐོག་མར་བརྒྱུད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན་མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་16པའི་འགྲན་མཚམས་བརྒྱད་པ——མོན་ཡོན་དང་ཕིང་ཨན་བར་གྱི་འགྲན་བསྡུར་བྱས་པ་དེ་ནི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་སྤེལ་ཚུན་མཚོ་སྔོན་ཞིང་ཆེན་ཧའེ་ཏུང་གྲོང་ཁྱེར་ཕིང་ཨན་ཆུས་སུ་འགོ་འཛུགས་ས་དང་མཐར་ཐུག་ས་འཛུགས་ཐེངས་ཐོག་མ་རེད།
           ཕིང་ཨན་ཆུས་ཀྱི་འགྲན་ལམ་གཞོགས་གཉིས་སུ་ཞྭ་མོ་དམར་པོ་དང་འོག་འཇུག་དཀར་པོ་གྱོན་པའི་དང་བླངས་པ་ཚོས་ལག་ཏུ་སྐར་ལྔའི་དར་དམར་ཁྱེར་ནས་འཛམ་གླིང་ས་ཕྱོགས་ཁག་ནས་སླེབས་པའི་འགྲན་བསྡུར་པ་ཚོར་བསུ་བ་ཞུ་བཞིན་ཡོད།
          འགྲན་བསྡུར་བྱེད་སའི་གཞུང་ལམ་གྱི་གཞོགས་གཉིས་སུ་དབྱིན་ཡིག་དང་རྒྱ་ཡིག་ནས“རྒྱུད་གཅིག་ལམ་གཅིག་གི་ཡིད་དབང་འཕྲོག་ཤུགས་ཟད་མཐའ་མེད། རྐང་འཁོར་བཞོན་ནས་མཚོ་སྔོན་པོ་སྐོར་བའི་ངོ་མཚར་ཆེ”དང་། “ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ལྗང་མདོག་ཕྱིར་སྐྱོད”“མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ས་མཐོའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ལ་གྱུར་ཡོད”སོགས་ཀྱི་སྦྱར་ཡིག་བྲིས་ཡོད།
          མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་མཚོ་བོད་ས་མཐོའི་མཚོ་སྔོན་ཞིང་ཆེན་གནས་ཡུལ་དུ་སྤེལ་བ་དང་། མིག་སྔར་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་དུ་རྐང་འཁོར་འགྲན་བསྡུར་བྱས་པ་དེ་ནི་ཨེ་ཤེ་ཡའི་རྩེ་རིམ་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་ཞིག་རེད།
          ཉིན་དེའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་སའི་སྟེགས་བུ་དང་ཐག་ཉེ་སར་བཀྲ་ཤིས་ཀྱིས་ལག་ཏུ་སྐར་ལྔའི་དར་དམར་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཨ་ལོང་ལྔ་འབྲེལ་གྱི་དར་ཆ་ཁྱེར་ནས་འགྲན་བསྡུར་བྱེད་མཁན་ཚོར་ངར་ཤུགས་སློང་བཞིན་ཡོད།
         བཀྲ་ཤིས་ཀྱི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་རྫོང་འབྲོང་མདའ་ཤང་གངས་རི་གྲོང་ཚོར་གནས་ཤིང་། དེ་ག་ནས་ཕིང་ཨན་རྫོང་གྲོང་དབར་ལམ་ཐག་སྤྱི་ལེ་800ལྷག་ཙམ་ཡོད། ལོ་10ཡི་གོང་འབྲོག་པ་བཀྲ་ཤིས་ཀྱི་ཁྱིམ་ཕིང་ཨན་དུ་སྤོས་པ་དང་། ཁོང་གིས་དེ་གར་འགྲིམ་འགྲུལ་སྟབས་བདེ་བ་དང་ཕྲུ་གུ་སློབ་གྲྭར་སྐྱོད་པའི་ཆ་རྐྱེན་དེ་བས་ལེགས་པ་འདུག་ཅེས་བཤད།
         ད་ཆ་རྒྱལ་ཁབ་དང་ས་ཁུལ་ཁག་གི་རྐང་འཁོར་འགྲན་བསྡུར་བྱེད་མཁན་ཕིང་ཨན་དུ་སྐྱོད་ནས་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་། རྐང་འཁོར་འགྲན་བསྡུར་བྱེད་པའི་ལམ་ཐག་མི་རིང་བའི་སར་ལན་ཤིན་མྱུར་བགྲོད་ལྕགས་ལམ་ཡོད།
           ཕིང་ཨན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཅིན་ལིས། ཕིང་ཨན་གྱི་འགྲིམ་འགྲུལ་སྟབས་བདེ་བ་དང་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་འདི་ག་ནས་མཚོ་བོད་ལྕགས་ལམ་གྱི་འགོ་ཚུགས་བབས་ཚུགས་ཟི་ལིང་དབར་ལམ་ཐག་སྤྱི་ལེ་30ལས་མེད་པ་དང་ཟི་ལིང་ཚའོ་ཅ་པའོ་གནམ་ཐང་དབར་ལམ་ཐག་སྤྱི་ལེ་8ལས་མེད། 2014ལོའི་ལོ་མཇུག་ཏུ་ལན་ཤིན་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ཕིང་ཨན་ཆུས་སུ་ལན་ཤིན་མྱུར་བགྲོད་ལྕགས་ལམ་གྱི་མཚོ་ཤར་ནུབ་ཚུགས་བཙུགས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།