འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་པེ་རི་ཡའི་ཙུང་ཐུང་གིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་སྤྱོད་འགོག་རྒོལ་རུ་ཁག་
    ལ་བསྔགས་བརྗོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན་ལི་པེ་རི་ཡའི་ཙུང་ཐུང་སེ་ལི་ཕུའུ་ཡིས་གཏམ་བཤད་སྤེལ་ནས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་པས་ལི་པེ་རི་ཡའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་ལེགས་སྐྱེས་ཕུལ་བ་དང་དེ་བཞིན་ཀྲུང་གོ་སྲིད་གཞུང་གིས་ལི་པེ་རི་ཡའི་རྒྱལ་ཁབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
            སེ་ལི་ཕུའུ་ཡིས་ཀྲུང་གོས་སྐྲུན་རོགས་བྱས་པའི་ལི་པེ་རི་ཡ་SKDལུས་རྩལ་ཐང་བསྐྱར་དུ་སྤྱོད་འགོ་ཚུགས་པའི་མཛད་སྒོའི་ཐོག་གོང་གསལ་གྱི་སྐད་ཆ་དེ་བཤད་པ་རེད། ཙུང་ཐུང་གཞོན་པ་པོ་ཨ་ཁའེ་སོགས་ལི་པེ་རི་ཡའི་མཐོ་རིམ་དཔོན་རིགས་དང་། ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་ལི་ཀྲོང་། ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་སྤྱོད་འགོག་རྒོལ་རུ་ཁག ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ། ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས། ཡུལ་དེའི་དམངས་ཚོགས་སོགས་མི་བརྒྱ་ཕྲག་ལྷག་ཙམ་མཛད་སྒོར་ཞུགས་པ་རེད།
           སེ་ལི་ཕུའུ་ཡིས་ཀྲུང་གོ་སྲིད་གཞུང་དང་ཞི་བདེ་སྲུང་སྐྱོང་མི་སྣས་ལི་པེ་རི་ཡར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས“ང་ཚོར་དཀའ་ངལ་འཕྲད་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མར་ང་ཚོར་རོགས་རམ་གནང་བ་དང་ཕྱོགས་མང་པོའི་ཐད་ནས་ཁྱེད་ཚོ་ང་ཚོའི་གྲོགས་པོ་ཡིན་པའི་ར་སྤྲོད་བྱས་ཡོད། ལི་ཀྲུང་རྒྱབ་ཁབ་གཉིས་དབར་མུ་མཐུད་མཉམ་ལས་རྒྱུན་འཁྱོངས་དང་མཛའ་མཐུན་རྒྱུན་འཛིན་ཐུབ་པ་དང་འབྲེལ་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་པའི་རེ་བ་ཡོད”ཅེས་བཤད།
           མཛད་སྒོའི་ཐོག་བསྟན་པའི་བརྙན་ལམ་ལས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་སྲིད་གཞུང་གིས་ཞིང་ལས་དང་། སློབ་གསོ། འཕྲོད་བསྟེན། འགྲིམ་འགྲུལ། བདེ་འཇགས་སོགས་ཁྱབ་ཁོངས་སུ་ལི་པེ་རི་ཡ་སྲིད་གཞུང་དང་མི་དམངས་ལ་རོགས་སྐྱོར་དང་རོགས་རམ་གནང་བར་ཕྱིར་དྲན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།