འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སུན་དབྱང་གིས་འཛམ་གླིང་རྐྱལ་རྩལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་400ཡི་
    རང་མོས་ཆུ་རྐྱལ་འགྲན་བསྡུར་ལས་ཨང་དང་པོ་བསྟུན་མར་ཐེངས་གསུམ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སུན་དབྱང་གིས་འཛམ་གླིང་རྐྱལ་རྩལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་400ཡི་
རང་མོས་ཆུ་རྐྱལ་འགྲན་བསྡུར་ལས་ཨང་དང་པོ་བསྟུན་མར་ཐེངས་གསུམ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། སུན་དབྱང་(孙杨)ཆུ་ནས་དོན་སྐབས་མཛུག་གུ་གནམ་དུ་གྱེར་ཏེ་ཨང་དང་པོའི་བརྡ་རྟགས་བསྟན་པ་དང་། རང་ཉིད་ནི་སྔར་བཞིན་འཛམ་གླིང་ཆུ་རྐྱལ་ལུས་རྩལ་ལས་རིགས་སྐྱེས་པའི་རང་མོས་ཆུ་རྐྱལ་འགྲན་བསྡུར་གྱི་ཨང་དང་པོ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
         2017ལོའི་རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཆུ་རྐྱལ་འགྲན་ཚན་གྱི་གསེར་གྱི་བྱ་དགའ་ཨང་དང་པོ་ཐོན་ཞིང་། ཀྲུང་གོའི་འགྲན་ཞུགས་པ་སུན་དབྱང་གིས་སྐར་མ་3དང་སྐར་ཆ་41སྐར་ཆུང་38ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ཤིང་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་འགྲན་ཚན་འདི་ཉིད་ཀྱི་ཨང་དང་པོ་བསྟུན་མར་ཐེངས་3བླངས་པ་རེད། དེ་དང་དུས་མཚུངས་སུ་ད་ལོའི་གྲུབ་འབྲས་ཡག་ཤོས་ཀྱང་གསར་གཏོད་བྱས་པ་རེད།
        འགྲན་བསྡུར་བྱས་ཚར་རྗེས་སུ་སུན་དབྱང་གིས་དེ་རིང་རང་ནུས་ཅི་ཡོད་བཏོན་ཡོད་ལ་ཤུགས་བསྒྲིམས་ཏེ་རང་ལ་ཡོད་པའི་རྩལ་ནུས་ཐམས་ཅད་འདོན་སྤེལ་བྱས་ཡོད་པས། རྩལ་ཁྲིད་པ་ཀྲེན་ཁུན་ལིའང་དང་ཏན་ཉི་སི་ཡིས་གསོ་སྐྱོང་གནང་བར་ངོ་གནོང་མི་དགོས་པར་བྱས་ཡོད། དེ་སྔོན་ཕྱི་རྒྱལ་དུ་སྦྱོང་བརྡར་བྱེད་སྐབས་དཀའ་ལས་ཧ་ཅང་ཆེན་པོ་བརྒྱབ་ཡོད་ལ། ཤང་ཀང་དུ་སྦྱོང་བརྡར་བྱེད་སྐབས་ཀྱང་དཀའ་ལས་ཧ་ཅང་ཆེན་པོ་བརྒྱབ་ཡོད་ཅེས་བསྟན་པ་རེད།
         དེ་སྔོན་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཐོག་སུན་དབྱང་ཕམ་པར་བཟོ་མྱོང་མཁན་ཨོ་སི་ཁྲི་ལི་ཡའི་འགྲན་ཞུགས་པ་ཧོ་ཏུན་གྱིས་སྐར་མ་3དང་སྐར་ཆ་43སྐར་ཆུང་85ཡི་ཐོག་ནས་ཨང་གཉིས་པ་བླངས་པ་རེད། ཨང་གསུམ་པ་ནི་དབྱི་ཐ་ལིའི་འགྲན་ཞུགས་པ་ཏའེ་ཏི་ཡིས་བླངས་ཤིང་། ཁོང་གིས་གྲུབ་འབྲས་ནི་སྐར་མ་3དང་སྐར་ཆ་43སྐར་ཆུང་93རེད། ཁོང་ཡང་སྐབས་དེའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཚན་འདིའི་ཟངས་ཀྱི་གཟེངས་རྟགས་ཐོབ་མཁན་རེད། 
         སྨི་400ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་མཇུག་བསྒྲིལ་རྗེས། སུན་དབྱང་གིས་ད་དུང་སྐབས་འདིའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེལ་འགྲན་བསྡུར་ནང་སྨི་200དང་། སྨི་800 སྨི་1500བཅས་ཀྱི་རང་མོས་ཆུ་རྐྱལ་འགྲན་ཚན་གྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།
    【1】  【2】  【3】  【4】
    ༄༅།།སུན་དབྱང་གིས་འཛམ་གླིང་རྐྱལ་རྩལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་400ཡི་
རང་མོས་ཆུ་རྐྱལ་འགྲན་བསྡུར་ལས་ཨང་དང་པོ་བསྟུན་མར་ཐེངས་གསུམ་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།