འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཙེ་ཨོ་ཕི་ཡས་མཁའ་འགྲུལ་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨེ་ཙེ་ཨོ་ཕི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ཨའེ་ཧ་མའེ་ཏེ·སི་ཏེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཨེ་ཙེ་ཨོ་ཕི་ཡ་ཨ་ཧྥེ་རི་ཁའི་མཁའ་འགྲུལ་ལྟེ་གནས་ལ་ཧུར་ཐག་སྐྲུན་བཞིན་ཡོད། མཁའ་འགྲུལ་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དམིགས་ཚད་འདི་འགྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
            སི་ཏེས་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡས་མཁའ་འགྲུལ་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
           མིག་སྔར། ཀྲུང་གོ་ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་དམིགས་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། མཁའ་འགྲུལ་ཀུང་སི་དེས་ཀྲུང་གོའི་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། ཤང་ཀང་བཅས་སུ་འགྲོ་འོང་གི་་དུས་གཏན་གནམ་གྲུ་ཤར་གཏོང་བྱས་ཡོད།
            མིག་སྔར། ཨེ་ཏི་སི་ཨ་པ་པར་གནས་པའི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་ཀྲུང་གོའི་ཀུང་སིས་རྒྱས་སྐྲུན་བྱེད་བཞིན་ཡོད། གནམ་ཐང་དེ་རྒྱས་སྐྲུན་བྱས་རྗེས་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་700ནས་ཁྲི་2200བར་མང་དུ་འགྲོ་རྒྱུ་རེད།
            ཨེ་ཙེ་ཨོ་ཕི་ཡ་ནི་ཨ་ཧྥེ་རི་ཁའི་ཤར་རྒྱུད་དུ་གནས་ཤིང་། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་སྦྲགས། ཨེ་ཙེ་ཨོ་ཕི་ཡ་ཀྲུང་གོའི་འགྲུལ་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཞན་དབར་འགྲོ་འོང་བྱེད་སྐབས་ཀྱི་བར་བརྒྱུད་ས་ཚིགས་གལ་ཆེན་ཞིག་ལ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།