འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཐེན་ཡིའུ་ཏེ་རྐང་འཁོར་རུ་ཁག་མུ་མཐུད་མདུན་དུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་བསྡུར་ལམ་དུམ་བརྒྱད་པ་མོན་ཡོན་ནས་ཕིང་ཨན་བར་གྱི་འགྲན་བསྡུར་བྱེད་མཚམས་སུ་སླེབས་ཤིང་། ཆུ་ཚོད་ལྔ་ཙམ་རིང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཚོ་སྔོན་ཐེན་ཡིའུ་ཏེ་ཀྲོའུ་ཅི་རྐང་འཁོར་རུ་ཁག་གི་ཆའོ་ནཱ་སེན·མེང་སའེ་ཧྥུའུ་མུ་མཐུད་མདུན་དུ་སླེབས་ནས་མི་སྒེར་གྱི་གྲུབ་འབྲས་ཨང་དང་པོ་མཚོན་བྱེད་ཀྱི་འོག་འཇུག་སེར་པོ་མུ་མཐུད་དབང་བ་རེད།
           “དེ་རིང་གི་འགྲན་བསྡུར་ལ་བར་ཆད་མང་པོ་ཕྲད་སོང་། རྐང་འཁོར་རུ་ཁག་གིས་དཔའ་ངར་ཆེར་བསྐྱེད་བྱས་པས་འགྲན་ཐག་ཕྱེད་ཀ་ཡོལ་བའི་སྐབས་འདིར་འོག་འཇུག་སེར་པོ་མུ་མཐུད་དབང་སོང་། འདིའི་རྗེས་ཀྱི་འགྲན་བསྡུར་ལམ་དུམ་ཁག་ཏུ་ང་ཚོའི་འགྲན་ཞུགས་པ་ཚོས་ལེགས་ཆ་མཐའ་འཁྱོངས་བྱས་ནས་འོག་འཇུག་སེར་པོ་མུ་མཐུད་དབང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཐེན་ཡིའུ་ཏེ་རྐང་འཁོར་རུ་ཁག་གི་སྨྱན་སྦྱོར་འབྲེལ་གཏུག་པ་ཅི་ཙུང་ཝེས་བཤད།
          འགྲན་བསྡུར་ལམ་དུམ་བརྒྱད་པའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་224ཡོད་པ་ལས་སྤྱི་ལེ་126སར་Hརིམ་པའི་ལ་ཞིག་ཡོད་པ་དང་། སྤྱི་ལེ་196སར་མཐའ་མའི་གདོང་མཆོང་བྱེད་ས་ཞིག་བཀོད་སྒྲིག་བྱས་ཡོད། འགྲན་ཞུགས་པ་ཚོ་མོན་ཡོན་ནས་ཆས་ཏེ་མཐར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་སུ་སླེབས་ཀྱི་ཡོད།
          འགྲན་བསྡུར་ལམ་དུམ་འདི་ནས་འགྲན་མཇུག་འགྲིལ་རྗེས་ཧ་སག་སི་ཐན་གྱི་ཨཱ་སི་ཐཱ་ནཱ་ཝེ་ནོ་རུ་ཁག་གི་ཨཱ་སི་ཐཱ་ཧྥུའུ་ཡེ་ཧྥུའུ·ཧྲི་ཏེ་ཧྥུན་གྱིས་རུ་མི་ཀེ་ཏེ་ཁྲེ·ཡེ་ཝུའུ་ཀེ་ཉིའི་ལག་ནས་ཨེ་ཤེ་ཡའི་ཨང་དང་པོ་མཚོན་བྱེད་ཀྱི་འོག་འཇུག་སྔོན་པོ་བླངས་པ་དང་། ཐུར་ཁེའི་ཐུའོ་ཁུའུ་རུ་ཁག་གི་ཨའེ་ཧཱ་མའེ་ལ་མཐའ་མའི་གདོང་མཆོང་གི་སྐར་བསགས་མཚོན་བྱེད་ཀྱི་འོག་འཇུག་ལྗང་ཁུ་མུ་མཐུད་དབང་བ་དང་། འོག་འཇུག་སྒོར་ཚེག་ནི་ཀྲུང་གོའི་ཐའེ་པེ་RTS—མའེ་ཐེང་ཀྲོའུ་ཅི་རུ་ཁག་གི་ཨོར་ཐེ་ཅཱ·ལཱ་སྨི་ལེ་སི་ཐེར་དབང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།