འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཧ་ལམ་མི་སེར་70བཙན་ཁྲིད་འོག་ཏུ་ཚུད་པ་
    དང་མི་7རྐྱེན་ལམ་དུ་ཤི་བ་ར་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཧ་ལམ་མི་སེར་70བཙན་ཁྲིད་འོག་ཏུ་ཚུད་པ་
དང་མི་7རྐྱེན་ལམ་དུ་ཤི་བ་ར་སྤྲོད་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། ཨ་ཧྥུ་ཀ་ནི་སི་ཐན་ལྷོ་རྒྱུད་ཀྱི་ཁན་ཏ་ཧ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་གཏམ་བཤད་པ་ཏུའུ་ལ་ཉི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཉེ་ཆར་ས་གནས་དེ་གའི་མི་སེར་70ལྷག་དྲག་ཆས་པས་བཙན་ཁྲིད་བྱས་པ་དང་། དེའི་ཁྲོད་དུ་མི་7རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱས་པ་རེད།
         ཏུའུ་ལ་ཉི་ཡིས་བཙན་ཁྲིད་དོན་རྐྱེན་ནི་ཁན་ཏ་ཧ་ཞིང་ཆེན་ཧྲ་ཨ་ཝ་ལི་ཀོ་ཏེ་ས་ཁུལ་དུ་བྱུང་ཞིང་། ཐོག་མའི་ཆ་འཕྲིན་ལས་གསལ་བ་ལྟར་ན། མི་20གློད་འགྲོལ་ཐོབ་པ་དང་། ད་དུང་ཧ་ལམ་མི་40དྲག་ཆས་པས་བཙན་ཉར་བྱས་ཡོད་ཅེས་བཤད་པ་རེད། དེ་དང་དུས་མཚུངས་སུ་ཁོང་གིས་བཙན་ཁྲིད་འོག་ཚུད་པའི་མི་7ནི་ཉིན་གཉིས་སྔོན་དུ་བསད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱེད་བཞིན་ཡོད་པ་དང་། བཙན་ཁྲིད་འོག་ཚུད་པའི་མི་སེར་སྐྱོབ་ཐབས་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ཅེས་ར་སྤྲོད་བྱས་པ་རེད།
         ཚེས་23ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་རང་ཚུགས་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་གཏོང་བ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཁག་ལ་མི་གཏའ་སྐྱོབ་ཐབས་བྱེད་རྒྱུ་དང་། ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་འབད་སྐུལ་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུ་ཀ་ནི་སི་ཐན་རོགས་སྐྱོར་ཚོགས་པས་ཟླ་འདིའི་ཚེས་17ཉིན་སྙན་ཞུ་སྤེལ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་གནས་བབ་ལ་སྔར་བཞིན་ཉེན་ཁ་ཆེན་པོ་ཡོད་ཅིང་། ད་ལོའི་ལོ་སྟོད་དུ་དྲག་སྤྱོད་གདོང་གཏུག་དང་འཇབ་རྒོལ་སྣ་ཚོགས་ལས་མི་སེར་1662རྐྱེན་ལམ་དུ་ཤོར་བ་དང་། མི་སེར་3581ལ་རྨས་སྐྱོན་ཕོག་ཅིང་། གྲོངས་པའི་མི་གྲངས་མང་ཤོས་གསར་པ་བཏོད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།