འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་གདམ་ག་དེ་བས་མང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་རིགས་ཕོ་གསར་ཞིག་གིས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ཕར་འདྲེད་ཚུར་འདྲེད་བྱས་ནས་སྐྱེ་ཁུངས་ཨ་རི་ནས་ཡིན་པའི་ཀོག་ཧྥེ་ཁང་གི་སྦྱིན་བདག་ལ་རང་ཉིད་ཀྱི་ཀོག་ཧྥེ་གཡོ་ཐབས་ཀྱི་པར་རིས་སྟོན་བཞིན་མཆིས། ཐོས་ནུས་ཉམས་པའི་མི་ཞིག་གི་ངོས་ནས་བརྗོད་ན། རང་ཉིད་ལ་བསྔགས་བརྗོད་བྱས་པ་མ་ཐོས་ཀྱང་གཞན་གྱིས་ཁས་ལེན་བྱས་པའི་ལག་བརྡ་དེ་མཐོང་ཐུབ།
            དེ་ནི་ཟླ་7ཚེས་18ཉིན་གསར་འགོད་པས་2017ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་གདན་ཞུའི་འདུ་ཚོགས་ནས་མཐོང་བའི་གནས་ཚུལ་ཞིག་རེད། གསར་འགོད་པར་གདན་ཞུའི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡི་གེ་རྒྱག་མཁན་དང་། ཞབས་ཞུ་བ། གཙང་སྦྲ་བ་སོགས་སྲོལ་རྒྱུན་གྱི་ལས་གནས་ཡོད་པ་ཕུད་ད་ཆའི་དབང་པོ་སྐྱོན་ཅན་ཚོར་ལས་ཞུགས་གདམ་ག་དེ་བས་མང་བ་ཡོད།
            དེང་སྐབས་ཀྱི་དྲ་ཐོག་ཚོང་ཁང་གི་ཚ་རླབས་དེས་དབང་པོ་སྐྱོན་ཅན་ཚོར་གོ་སྐབས་དེ་བས་མང་བ་ཐོབ་ཡོད། ལོ་19ལ་སླེབས་པའི་པད་མ་དབྱངས་འཛོམས་མ་གཞི་རྐང་པ་ཐང་པོ་མེད། འོན་ཀྱང་ནག་ཆུ་ནས་ཆེད་མངགས་ལྷ་སར་གདན་ཞུའི་འདུ་ཚོགས་ཞུགས་པར་ཡོང་། པད་མ་དབྱངས་འཛོམས་ཀྱིས་སྔོན་ཆད་གློག་ཀླད་ཀྱི་རྩལ་ནུས་སློབ་སྦྱོང་བྱས་སྟབས། ཁོང་ལ་དྲ་ཐོག་ཚོང་དོན་ཀུང་སི་ཞིག་གི་དོ་སྣང་ཆེན་པོ་བྱུང་ཡོད།
           ཀུང་སི་དེའི་མི་ཤུགས་ཐོན་ཁུངས་ཀྱི་འགན་འཁུར་བ་ཁྲེན་མེ་ཤིན་གྱིས་ང་ཚོས་ནག་ཆུ་ཡན་ལག་ཀུང་སི་འཛུགས་གྲབས་ཡོད་པས། འབྱུང་འགྱུར་པད་མ་དབྱངས་འཛོམས་སོ་སོའི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ངེས་རེད་ཅེས་ངོ་སྤྲོད་བྱས།
           སྐྱེ་ཁུངས་ཨ་རི་ནས་ཡིན་པའི་ཀོག་ཧྥེ་ཁང་གི་སྦྱིན་བདག་ཏའོ་ཀེ་ལ་སི·ཨའེ་ཏེ་ཧྭ·ཝུའེར་ཕའེ་ཏེའི་འགྲེམས་སྒྲོམ་མདུན་དུ་རྟག་ཏུ་མི་ཚོགས་ཀྱིས་ཁེངས་བཞིན་ཡོད། ཁོང་གིས་གཉེར་སྐྱོང་བྱས་པའི“རྩེ་རིམ་སྒྱུ་རྩལ་ཀོག་ཧྥེ་ཁང”གི་ཡན་ལག་ཚོང་ཁང་3ལྷ་སར་བཙུགས་ཡོད་པ་དང་། ཚོང་ཁང་4པ་དེ་ཡང་འཛུགས་ཉེར་ཡོད། ཁོང་གིས་གདན་ཞུའི་ཚོགས་འདུ་ནས་ཀོག་ཧྥེ་གཡོས་སྦྱོར་པ་1དང་། མ་བྱན་1 ཁ་ལོ་བ་1བཅས་རག་པའི་འདུན་པ་ཆེན་པོ་བྱེད་བཞིན་མཆིས།
          ད་ཆ་ཝུ་འེར་ཕའེ་ཏེ་ལ་འོན་ལྐུག་ན་གཞོན་བློ་རྡོར་ཞེས་པ་ཞིག་ཡོད་པ་དང་། “ཁོང་ནི་སྤྱང་གྲུང་དོད་པའི་གཞོན་ནུ་ཞིག་རེད། ང་ཚོས་ཁོང་ལ་སྲོ་སྐམ་བྱེད་སྟངས་དང་ཅ་ལག་སྐྱེལ་སྟངས་བསླབས་ནས་ཀོག་ཧྥེ་ཁང་གསུམ་ལ་ཅ་ལག་ཕར་སྐྱེལ་ཚུར་ལེན་བྱེད་པ་མ་ཟད། ད་དུང་མ་བྱན་གྱི་ལག་རྩལ་ཡང་སློབ་ཀྱི་ཡོད”
           “སློབ་སྦྱོང་བྱེད་འདོད་ཡོད་མིན་ནི་དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་མིན་གྱི་འགག་རྩ་ཞིག་རེད”བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་སློབ་གསོ་ལས་ཞུགས་པུའི་པུའུ་ཀྲང་རུང་ཝུའེ་ཧུང་གིས“ང་ཚོས་དབང་པོ་སྐྱོན་ཅན་ལ་དམིགས་ནས་རྩལ་ནུས་གསོ་སྦྱོང་དང་ལས་གནས་བློ་འདྲི་སོགས་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས་རང་ཉིད་ཀྱི་ནུས་པར་བརྟེན་ནས་ཁོང་ཚོ་སྤྱི་ཚོགས་དང་མཉམ་འདྲེས་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།