འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚ་དྲོད་རྒྱས་འགོ་ཚུགས་རྗེས། “རི་འཛེགས་པ་དང་། མཚོ་འགྲམ་དུ་འགྲོ་བ། རྩྭ་ཐང་ཐོག་བསྐྱོད་པ”བཅས་ཡུལ་སྐོར་བའི་ཚ་གཡོལ་བྱེད་སྟངས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཚ་གཡོལ་གནས་མཆོག་གི་གྲས་ཤིག་ཡིན་པས་མཚོ་སྔོན་དུ་ཡུལ་སྐོར་བ་ཧ་ཅང་མང་བ་དང་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཁྲུག་ཏུ་སོང་ནས་རླངས་འཁོར་གྱི་སྤ་སེ་དང་ཞག་སྡོད་བྱེད་གནས་དཀོན་ཙམ་ཡོད་པ་རེད།
         འདི་ལོའི་ཟླ་7པར་པའོ་ཅི་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས། ཟི་ལིང་དང་རྒྱལ་ཡོངས་ཀྱི་ད་ཡོད་ཀྱི་མྱུར་བགྲོད་ལྕགས་ལམ་འབྲེལ་མཐུད་བྱུང་བས་ལྕགས་ལམ་སྐྱེལ་འདྲེན་གྱི་གནོན་ཤུགས་ཞི་ལྷོད་དུ་སོང་ཞིང་། དེ་དང་ཆབས་ཅིག མཚོ་སྔོན་དུ་ད་ལྟ་གཉེར་སྐྱོང་བྱེད་མུས་ཀྱི་གནམ་ཐང་5ཡོད། འདི་ལོའི་ཡུལ་སྐོར་བ་མང་བའི་དུས་སུ་གནམ་ཐང་གིས་སྔར་ཡོད་ཀྱི་དུས་གཏན་གནམ་གྲུའི་ཐོག་མཁའ་ལམ་མང་པོ་ཞིག་གསར་དུ་བསྣན་པ་དཔེར་ན། པེ་ཅིང་དང་། ཝུན་ཀྲོའུ། ནན་ཉིང་སོགས་སུ་བསྐྱོད་པའི་མཁའ་ལམ་སོགས་ཡིན། དེས་ན་འདི་ལོའི་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་གནོན་ཤུགས་སྔོན་མ་ལས་ཞི་ལྷོད་དུ་སོང་བས་སྤ་སེ་་རག་དཀའ་བའི་གནས་ཚུལ་ཐོན་མེད་པ་རེད།
         དབྱར་ཁ་ཤར་རྗེས་མཚོ་སྔོན་དུ་གནམ་གཤིས་བསིལ་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་སྔར་བས་ཕུན་སུམ་ཚོགས་པ་ཡོད་པ་རེད། དེ་དང་ཆབས་ཅིག་ཞིང་ཆེན་དེའི་ས་ཁུལ་མང་པོ་ཞིག་གིས་རྩྭ་ཐང་གི་ཡུལ་སྐོར་རིག་གནས་ཡུལ་སྲོལ་དུས་ཆེན་གཏོང་བ་དང་། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སོགས་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་དང་སྤེལ་མུས་ཡིན་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། མིག་སྔར་མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་ཁག་གི་ཉེ་འགྲམ་གྱི་མགྲོན་ཁང་དུ་ཞག་སྡོད་བྱེད་མཁན་རིམ་བཞིན་མང་དུ་ཕྱིན་པ་དང་མཚོ་སྔོན་པོའི་ཉེ་འགྲམ་གྱི་སྒྲིག་བཀོད་ཅུང་ལེགས་པའི་མགྲོན་ཁང་དུ་ཟླ་7པ་དང་8པར་སྔོན་མངགས་བྱེད་ཚད་80%ཡན་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།